ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་ནང་བོད་མིས་༧གོང་ས་མཆོག་གི་སྐུ་དཔར་འཕྱར་བཞིན་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག


བོད་ནང་གསེར་རྟ་རྗོང་ཐོག་ཞོ་རོགས་དགོན་པའི་དགེ་འདུན་པ་གཉིས་ཀྱིས་གཙོས་པའི་བོད་མི་མང་པོས་གིས་གཟའ་ཟླ་བའམ་ཕྱི་ཟླ་དང་པོ་འདིའི་ཚེས་༡༦་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་ཆེན་པོའི་སྐུ་དཔར་ཁག་འཁྱེར་བཞིན་བོད་རང་བཙན་དང་༧གོང་ས་མཆོག་བོད་ལ་གདན་ཞུ་དགོས་པ་སོགས་ཀྱི་འབོད་ཚིག་སྒྲོག་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག།་དགེ་འདུན་པ་དེ་གཉིས་རྒྱ་ནག་གི་ཉེན་རྡོག་པས་འཛིན་བཟུང་བྱས་ཀྱང་མི་མང་གིས་འཕྲོག་ཐུབ་པ་བྱུང་ཡོད་པ་རེད།་ དེ་རྗེས་སུ་ཁོང་རྣམ་གཉིས་སླར་ཡང་འཇུ་བཟུང་བྱས་ཡོད་མེད་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་མ་ཟད་་རྒྱ་ནག་གི་གཞུང་འབྲེལ་མི་སྣས་གནད་དོན་དེའི་ཐོག་གཏམ་བཤད་བྱ་རྒྱུ་མོས་མཐུན་བྱས་མེད་པ་རེད།

XS
SM
MD
LG