ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དྷ་སའི་ཕྱི་མི་བོད་པ་ཟུར་འགོག་ཁང་དུ་ནད་ཡམས་ཀྱི་བློ་འཚབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཕྱི་ལོགས་ནས་བཞུགས་སྒར་དྷ་རམ་ས་ལར་ཕེབས་པའི་བོད་མི་ཡོད་ཚད་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་བའི་ཟུར་འགོག་བྱེད་ས་རུ་ཟུར་འགོག་བྱས་ཡོད། རྩ་བའི་ཆ་ནས་ཉེན་ཁ་མེད་པའི་ས་གནས་སམ་(GREEN ZONE) ནས་ཧི་མ་ཅལ་ནང་ཡོང་བ་རྣམས་ཉིན་༢༨ རིང་རང་ཁྱིམ་དུ་ཟུར་འགོག་བྱེད་དགོས་པས་གཞུང་ནས་གོ་སྒྲིག་བྱས་པའི་ཟུར་འགོག་ཁང་ནང་སྡོད་དགོས་ཀྱི་མེད། ད་ལྟའི་བར་བོད་མི་ཕྱིར་ལོག་བྱེད་མཁན་ ༤༠ ཡིས་ས་གནས་བདེ་དོན་ལས་ཁུངས་ལ་ཐོ་འགོད་བྱས་འདུག

ཕྱི་ལོགས་ནས་བཞུགས་སྒར་དྷ་རམ་ས་ལར་ཕེབས་པའི་བོད་མི་ཡོད་ཚད་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་བའི་ཟུར་འགོག་བྱེད་ས་རུ་ཟུར་འགོག་བྱས་ཡོད། རྩ་བའི་ཆ་ནས་ཉེན་ཁ་མེད་པའི་ས་གནས་སམ་(GREEN ZONE) ནས་ཧི་མ་ཅལ་ནང་ཡོང་བ་རྣམས་ཉིན་༢༨ རིང་རང་ཁྱིམ་དུ་ཟུར་འགོག་བྱེད་དགོས་པས་གཞུང་ནས་གོ་སྒྲིག་བྱས་པའི་ཟུར་འགོག་ཁང་ནང་སྡོད་དགོས་ཀྱི་མེད། འོན་ཀྱང་ཕྱི་ནས་ཡོང་བའི་བོད་མི་རྣམས་ལ་དམིགས་གསལ་མེད་པར་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་བའི་ཟུར་འགོག་ཁང་ནང་སྡོད་དགོས། ཁོང་རྣམས་ལ་བཞུགས་ས་དང་ཞལ་ལག་སོགས་ས་གནས་བདེ་དོན་ལས་ཁུངས་ནས་རིན་མེད་ངང་ཕུལ་བཞིན་འདུག

ད་ལྟའི་བར་ཀང་ར་རྫོང་ནང་ཕྱི་ནས་ཕེབས་པའི་མི་གྲངས་ལྔ་ཁྲི་སུམ་སྟོང་ཟིན་གྱི་ཡོད་པ་དང་བོད་མི་ཕྱིར་ལོག་བྱེད་མཁན་ ༤༠ ཡིས་ས་གནས་བདེ་དོན་ལས་ཁུངས་ལ་ཐོ་འགོད་བྱས་འདུག

XS
SM
MD
LG