ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༧/༡༦

བོད་ནང་༧གོང་ས་མཆོག་གི་༧ཞབས་པུས་སྨན་བཅོས་ཆེད་ཞབས་རིམ་སོགས་བྱེད་བཞིན་པ།


སྤྱི་ནོར་༧གོང་ས་༧སྐྱབས་མགོན་མཆོག་ཨ་རིར་ཞབས་པུས་སྨན་བཅོས་ཆེད་ཕེབས་པ་དང་བསྟུན་བོད་ནང་རྒྱ་ནག་གཞུང་གིས་བཀག་འགོག་འདྲ་མིན་བྱེད་ཀྱི་ཡོད་་པར་ལྟོས་མེད་ཀྱིས་བོད་མི་ཚོས་ཐབས་ཤེས་སྣ་ཚོགས་ཀྱིས་ཞབས་རིམ་གསོག་སྒྲུབ་བྱས་འདུག་པ་དང་། དེ་ཡང་བོད་ནས་བདེ་འཇགས་ཆེད་མིང་སྨོས་གནང་འདོད་མེད་པའི་གནས་ཚུལ་བྱུང་ཁུངས་ཀྱིས་འདི་གར་རླུང་འཕྲིན་ཁང་ལ་བརྗོད་དོན་ལ་ ༧རྒྱལ་བ་ཡིད་བཞིན་ནོར་བུ་ཨ་རིར་སྨན་བཅོས་ཆེད་ཕེབས་གི་ཡོད་པ་གོ་ཐོས་བྱུང་བ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཕལ་ཆེ་བའི་ནང་མང་ཚོགས་རང་རང་གནས་ཡུལ་རི་འགོར་བསང་གསོལ་དང་རླུང་རྟ་དར་འཛུགས་བྱས་པ། བསྐང་གསོལ་གཏོང་བ། ཤིང་ནགས་འདེབས་འཛུགས་དང་ར་ལུག་སོགས་སེམས་ཅན་ཚེ་ཐར་གཏོང་བ། སྡེ་བ་སོ་སོའི་ངོས་ནས་མང་ཚོགས་འདུ་འཛོམས་བྱས་ནས་སྨན་བླའི་བཟུང་སྔགས་དང་། ཚེ་བཟུང་། མ་ཎེ་ཡིག་དྲུག་དང་སྒྲོལ་མ་སོགས་གསོག་སྒྲུབ་བྱས་སོང་ཞེས་འགྲེལ་བརྗོད་བྱས་འདུག

ཁོང་གིས་མུ་མཐུད་གསུངས་དོན་ལ་ ས་གནས་སོ་སོར་གནས་སྟངས་ལ་དཔག་པའི་ཞབས་རིམ་གསོག་སྒྲུབ་བྱེད་དགོས་དོན་ནི་སྡེ་བ་སོ་སོའི་དད་མདུན་ཡོད་པའི་དགོན་པའི་བླ་མའི་ཞབས་རིམ་ཡིན་ཞེས་བསྒྲགས་ན་མ་གཏོགས་རྒྱལ་ཁབ་ཀྱི་ཤེས་རྟོགས་བྱུང་ན་དོན་དག་ཆེན་པོ་ཡོང་གི་རེད། དཔེར་ན་སྐབས་རེར་རྒྱལ་ཁབ་གོང་རིམ་པ་ནས་སྡེ་བ་སོ་སོར་རྒྱ་སྐད་དུ་ཞིང་མུའུ་དང་བོད་སྐད་དུ་ལས་གཞི་འདྲ་ཡོང་བ་ཡིན་ན་སྟེར་གི་མ་རེད་ལ། སྡེ་མི་སྐྱ་སེར་ཚང་མ་བཙན་གྱི་བསྡུས་ཏེ་རྒྱལ་གཅེས་ཆོས་གཅེས་དང་གུང་ཁྲན་ཏང་ལ་དགའ་ཞེན་།ཁ་བྲལ་ལ་ངོ་རྒོལ་སོགས་བརྗོད་གཞི་འདྲ་མིན་སྣ་ཚོགས་ཀྱི་སྒོ་ནས་ཟབ་སྦྱོངས་འཚོགས་ནས་འུ་ཐུག་ཐབས་ཟད་ངང་བསྐྱལ་གྱི་རེད། ལྷག་པར་ཉེ་འཆར་༧གོང་ས་མཆོག་ཨ་རིར་སྨན་བཅོས་ཆེད་ཕེབས་པའི་ཐད་སྒྲོ་བཏག་སྣ་ཚོགས་བཟོས་ནས་མང་ཚོགས་ནང་གླེང་སློངས་བྱེད་ཀྱིན་འདུག་ཀྱང་། ད་ཆ་ཁོང་གི་སྨན་བཅོས་ཧ་ཅང་ལེགས་གྲུབ་བྱུང་སྟེ་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་བརྙན་ཐུང་བརྒྱུད་ནས་ཁོང་སྐུ་དངོས་ཀྱི་གསུང་འཕྲིན་བསྩལ་ཡོད་པ་དེ་མཐོང་ཐོས་བྱུང་རྗེས་བོད་མི་མང་པོའི་སེམས་པ་ཧ་ཅང་བློ་བདེ་པོ་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་བྱེད་ཀྱི་འདུག ཡང་བོད་ནང་གི་བོད་མི་གཞན་ཞིག་གིས་བརྗོད་ཨ་རི་རླུང་འཕྲིན་ཁང་ལ་བརྗོད་དོན་ལ་ དེ་སྔོན་ཡིན་ན་སྐད་འཕྲིན་དྲ་ལམ་བརྒྱུད་ནས་ཚོགས་པ་བཙུགས་ཏེ་མི་མང་པོ་དྲ་ཚོགས་གཅིག་གི་ནང་བསྡུས་དེ་ཞབས་རིམ་གསོག་སྒྲུབ་བྱེད་ཀྱི་ཡོད་ཀྱང་། དེང་སྐབས་དེ་ཡང་བཀག་འགོག་གིས་དྲ་ལམ་ནས་བཙུགས་པའི་ཆོས་འདོན་སའི་ཚོགས་པ་ཚང་མ་མེད་པར་བཟོས་ཡོད། ཉིན་འདི་གར་དམིག་གསལ་གྱིས་ལྟ་རྟོག་འོག་ཡོད་པས་མང་ཚོགས་སྒེར་སོ་སོའི་ངོས་ནས་དངས་བླངས་གིས་༧རྒྱལ་བའི་ཞབས་རིམ་འདྲ་སྒྲུབ་པ་མ་གཏོགས་ཡོང་གྲགས་བྱེད་ཐུབ་ཀྱི་ཡོད་པ་མ་རེད། ཐབས་ཤེས་འདྲ་མིན་སྣ་ཚོགས་བརྒྱུད་ནས་ཞབས་རིམ་སྒྲུབ་གི་འདུག དམིག་གསལ་དགོན་པ་སོ་སོའི་ངོས་ནས་ཉིན་འདི་གར་ཆེད་དུ་གྲ་མང་ཚོགས་འཚོགས་ཏེ་སྨན་བླའི་གཟུངས་སྔགས་དང་ཚེ་བཟུངས་འདྲ་གསོག་སྒྲུབ་བྱེད་ཀྱིན་ཡོད་མེད་ལ་རྒྱལ་ཁབ་ཀྱི་ལྟ་རྟོག་ནན་མོ་བྱེད་ཀྱིན་པ་གོ་ཐོས་འདུག་པས་དཀའ་ངལ་ཧ་ཅང་འདུག་ཅེས་སོགས་བརྗོད་སོང་།

གླེང་སྟེགས།

XS
SM
MD
LG