ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༧/༢༤

རྒྱ་གར་ལྷོ་ཕྱོགས་སུ་སྐུའི་འཁྲུངས་སྐར་སྲུང་བརྩི་དབུ་འཛུགས་གནང་ཡོད་པ།


སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་གོ་སྒྲིག་གནང་ཏེ་ལྷོ་སྤྱི་ཁྱབ་ཁོངས་སྦེང་ལོར་ཁུལ་གྱི་ཚོགས་པ་སྒྲིག་འཛུགས་ཁག་དང་མང་ཚོགས་སློབ་ཕྲུག་བཅས་ནས་ཕྱི་ཟླ་༧་ཚེས་༤ ནས་༦ བར་ཉིན་གྲངས་གསུམ་རིང་ལ་སྦེང་ལོར་དང་མེ་སོར་ཁུལ་གྱི་རྒྱ་གར་མཐོ་སློབ་ཁག་ནང་བོད་ཀྱི་རིག་གཞུང་ཞབས་གཞས་སྣ་འཁྲབ་སྟོན་དང་བོད་དོན་གཤམ་བཤད་སོགས་ཀྱི་སྒོ་ནས་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༩ དང་བོད་ལུགས་དགུང་གྲངས་༩༠ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་འགོ་འཛུགས་གནང་ཡོད་པ་རེད། དེའི་སྐོར་ལ་སྦེང་ལོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ནས་འགྲེལ་བརྗོད་གནང་སོང་།

ཉིན་གྲངས་བཞི་རིང་གྲོང་ཁྱེར་སྦེང་ལོར་དང་མེ་སོར་ནང་མཐོ་སློབ་མི་འདྲ་བའི་ནང་བོད་ཀྱི་རིག་གཞུང་འཁྲབ་སྟོན་དང་ཆབས་ཅིག་མཁས་དབང་སཱུམ་ཡ་ཌིབ་ཌ་ཊ་ལགས་དང་ཨ་ནན་ཌི་ཀུ་མར་ལགས་རྣམས་གཉིས་ནས་མཐོ་སློབ་ཁག་དེ་དག་ནང་རྒྱ་གར་དང་བོད་ཀྱི་འབྲེལ་ལམ་སྐོར་དང་བོད་ཀྱི་སྐྱེ་ཁམས་རིག་པ། བོད་མཐོ་སྒང་དང་རྒྱ་གར་གྱི་གནམ་གཤིས་བདེ་འཇགས་བཅས་ཀྱི་བརྗོད་གཞི་ཐོག་གསུང་བཤད་གནང་རྒྱུ་རེད་འདུག

སྤྱིར་འདི་ལོ་གོང་ས་མཆོག་བོད་ལུགས་དགུང་གྲངས་༩༠ དང་ཕྱི་ལུགས་དགུང་གྲངས་༨༩ ལ་ཕེབས་པའི་སྐུའི་འཁྲུངས་དེ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་དང་བོད་མི་གནས་ཡུལ་ས་གནས་ཁག་ལ་སྔར་དང་མ་འདྲ་བའི་སྲུང་བརྩི་གྲ་རྒྱས་པ་ཞུ་རྒྱུའི་གྲ་སྒྲིག་གནང་བཞིན་འདུག

གླེང་སྟེགས།

XS
SM
MD
LG