ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

གདན་ས་བཀྲིས་ལྷུན་པོས་མང་ཚོགས་ལ་དགུ་གཏོར་གར་འཆམ་གཟིགས་འབུལ།


གདན་ས་བཀྲིས་ལྷུན་པོས་མང་ཚོགས་ལ་དགུ་གཏོར་གར་འཆམ་གཟིགས་འབུལ།
གདན་ས་བཀྲིས་ལྷུན་པོས་མང་ཚོགས་ལ་དགུ་གཏོར་གར་འཆམ་གཟིགས་འབུལ།

དེ་རིང་བོད་ཟླ་བཅུ་གཉིས་པའི་ཚེས་༢༨ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁུལ་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་བཀྲ་ཤིས་ལྷུན་པོར་སྔར་སྲོལ་ལོ་གསར་གོང་གི་གར་འཆམ་དང་གཏོར་རྒྱག་གི་བྱེད་སྒོ་གཟབ་རྒྱས་སྤེལ་གནང་སོང་ལ་སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བ་ཕེབས་འདུག བཀྲ་ཤིས་ལྷུན་པོའི་ཐུན་མོང་མ་ཡིན་པའི་གར་འཆམ་དེ་ནི་དམ་ཅན་ཆོས་རྒྱལ་ཡབ་ཡུམ་དང་གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་དང་། ཞེ་ཆེན་གྱི་དཀར་བ་གཙོ་འཁོར་ལྔ་བཅས་ཀྱི་གར་འཆམ་ཡིན་ཞིང་། བཀྲ་ཤིས་ལྷུན་པོའི་ཀ་ཆེན་བློ་བཟང་ཚུལ་ཁྲིམས་ལགས་ནས་འགྲེལ་བརྗོད་གནང་དོན་ནང་། བཀྲ་ཤིས་ལྷུན་པོའི་གར་འཆམ་དེ་ནི་ཐོག་མར་པཎ་ཆེན་སྐུ་ཕྲེང་ལྔ་པའི་དུས་སུ་གསར་འཛུགས་མཛད་དེ་རིམ་པས་དར་རྒྱས་བྱུང་བ་ཞིག་དང་བཙན་བྱོལ་རྒྱ་གར་ནང་གར་འཆམ་དེ་༡༩༨༣ ལོར་བསྐྱར་འཛུགས་གནང་བ་གསུངས་སོང་། གར་འཆམ་གཟིགས་འབུལ་ཞུ་དགོས་དོན་ནི་མི་དང་མི་མ་ཡིན་པའི་གནོད་པ་ཞི་བའི་ཆེད་དུ་ཡིན་པའང་གསུངས་སོང་།

གདན་ས་བཀྲིས་ལྷུན་པོས་མང་ཚོགས་ལ་དགུར་གཏོར་གར་འཆམ་གཟིགས་འབུལ་དང་དགུ་གཏོར།
གདན་ས་བཀྲིས་ལྷུན་པོས་མང་ཚོགས་ལ་དགུར་གཏོར་གར་འཆམ་གཟིགས་འབུལ་དང་དགུ་གཏོར།

གར་འཆམས་གཟིགས་འབུལ་གྲུབ་རྗེས་གེག་དང་གནོད་པ་ཟློག་པའི་ཆེད་གཏོར་རྒྱག་སྐྱོན་ཏེ་མཇུག་སྒྲིལ་གནང་སོང་ དེ་དང་ཕྱོགས་མཚུངས་ཧུན་སུར་རབས་རྒྱས་གླིང་གཞིས་ཆགས་ཁུལ་དུ་རྟེན་གཞི་བྱས་པའི་རྫོང་ཆོས་གྲྭ་ཚང་དུ་དད་ལྡན་མང་ཚོགས་ལ་གྲྭ་ཚང་དེའི་ཐོུང་མ་ཡིན་གཡག་བཟང་གར་འཆམ་དང་གཟིགས་འབུལ་དང་དགུ་གཏོར་གཏོར་རྒྱག་གནང་ཡོད་པ་རེད།

གར་འཆམ་སྐྱོན་མཁན་ལ་ཆ་མཚོན་ན་གར་འཆམ་སྐྱོན་མཁན་འཆམ་པ་ནི་ལུས་སྟོབས་རྒྱས་ལ་དབང་པོ་སྐྱོན་ཅན་མ་ཡིན་པ། ལམ་ཐུན་མོང་བའི་རྒྱུད་ཀྱང་སྔོན་དུ་སོང་བའི་སྒོ་ནས་བླ་མེད་རྒྱུད་སྡེ་གང་རུང་གི་དཀྱིལ་འཁོར་དབང་བསྐུར་ཐོབ་ཅིང་། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་རྒྱུ་སྨོས་མེད་ཐོག་བསྙེན་སྒྲུབ་ཚད་དུ་འཁྱོལ་བ་བྱུང་ན་རབ་མ་མཐའ་ལས་རུང་གི་བསྙེན་པ་རེ་སྔོན་དུ་འགྲོ་དགོས་པ་དང་གར་འཆམ་དངོས་གཞིའི་སྐྱབས་སུའང་ལྷ་གང་གི་ཆས་སྤྲས་པ་དེ་དང་དེའི་ང་རྒྱལ་བཟུང་སྟེ་ངག་ཏུ་རྩ་སྔགས་བཟླ་བ་དང་ཡིད་ཀྱི་ལྷའི་གསལ་སྣང་དང་མི་འབྲལ་བ། ལུས་ཀྱི་ཉམས་འགྱུར་ཐམས་ཅད་སྒེག་པ་དཔའ་བ། མི་སྡུག་པ་བཅས་ཀྱི་སྐུའི་ཉམས་སུ་རྫོགས་པ་མདོར་ན་འཁྱེར་སོ་གསུམ་གྱི་རྣལ་འབྱོར་ལ་གནས་ནས་གང་སྣང་ལྷའི་རྣམ་རོལ་ཏུ་ཤར་བ་དགོས་ཀྱི་ཡོད་པ་རེད་འདུག

གླེང་སྟེགས།

XS
SM
MD
LG