ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མིའི་སྒྲིག་འཛུགས་ཀྱིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཡོང་བར་རྒྱལ་སྤྱིར་འབོད་སྐུལ།


༄༅། །རེས་གཟའ་ཉི་མའི་ཉིན་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གིས་འཛིན་བཟུང་བཙན་ཁྲིད་བྱས་ནས་མི་ལོ་ ༢༥ ཱའཁོར་བའི་དུས་ཚིགས་ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་འདུག་པའི་ནང་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་སྲིད་གཞུང་དང༌། གྲོས་ཚོགས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ། སྒེར་པ་བཅས་ཀྱིས་ད་བར་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ད་དུང་རྒྱ་ནག་གཞུང་ལ་སྔར་ལྷག་གནོན་ཤུགས་སྤྲད་དེ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་བཅས་འཕྲལ་དུ་གློད་གྲོལ་ཡོང་ཐབས་གནང་རོགས་ཞེས་འབོད་སྐུལ་གནང་དང་ཆབས་ཅིག རྒྱ་ནག་གཞུང་ལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་བབ་ངོ་མ་ཇི་ཡིན་ཕྱི་གསལ་ནང་གསལ་བཟོ་དགོས་པའི་དགོས་འདུན་བཏོན་འདུག་པ་བཅས་ཀྱི་སྐོར། ཕུན་ཚོགས་ཚེ་རིང་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་གནང་བ་དེ་གསན་རོགས་གནང་།


XS
SM
MD
LG