ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ཉི་མ། ༢༠༢༦/༠༢/༠༨
བོད།
གངས་ཏེ་སེའི་མདུན་སྒྱུ་རྩལ་འགྲེམ་སྟོན་བྱེད་ཀྱི་ཡོད་པར་བོད་པ་ཚོས་ངོ་རྒོལ།
༡༡།༡༠།༢༠༢༠
གངས་ཏེ་སེའི་མདུན་སྒྱུ་རྩལ་འགྲེམ་སྟོན་བྱེད་ཀྱི་ཡོད་པར་བོད་པ་ཚོས་ངོ་རྒོལ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
གངས་ཏེ་སེའི་མདུན་སྒྱུ་རྩལ་འགྲེམ་སྟོན་བྱེད་ཀྱི་ཡོད་པར་བོད་པ་ཚོས་ངོ་རྒོལ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:52
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། འཛམ་གླིང་འདིར་སྐད་གྲགས་ཡོད་པའི་སྲིད་པའི་གངས་རྒན་ཏེ། རི་བོ་ཏེ་སེ་ནི་བོད་བྱང་ཕྱོགས་ཀྱི་ལྷོ་སྣེར་ཆགས་ཡོད་ཅིང་། ད་ལྟ་རྒྱ་ནག་དམར་ཤོག་གཞུང་གིས་ཆ་བགོ་བྱེད་ཡོད་པ་ལྟར་ན་བོད་རང་སྐྱོང་ལྗོངས་ཀྱི་སྤུ་ཧྲེང་རྫོང་གི་བྱང་རྒྱུད་དུ་ཡོད། གནས་རི་འདིར་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་ནང་པ་སངས་རྒྱས་དང་ཕྱི་རོལ་མུ་སྟེགས་པ་སོགས་ཀྱིས་རང་རང་གི་གནས་མཆོག་ཅིག་ལ་བརྩིས་ནས་ངོས་འཛིན་བྱེད་ཚུལ་མི་འདྲ་བ་ཡོད་པར་མ་ཟད། བོད་པ་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ཡུལ་ཚོའི་ཆོས་ལུགས་དད་མོས་དང་ཡུལ་གོམས་གཤིས་ལུགས་སོགས་ཕྱོགས་གང་ཐད་དུ་འབྲེལ་བ་དམ་ཟབ་ཡོད་པ་དང་རིག་གནས་ཀྱི་སྲོག་ཤིང་ལྟ་བུར་གྱུར་པའི་གནས་རི་རྩ་ཆེན་ཞིག་ཏུ་གྲགས།།
གཟའ་འཁོར་གཅིག་ཙམ་གྱི་སྔོན་ལ་རྒྱ་ནག་གི་སྒྱུ་རྩལ་བ་ཀྲང་ཧོན་ཟེར་བ་ཞིག་གིས་ཟླ་བ་རྗེས་མའི་ཟླ་མགོ་ཙམ་ལ་གངས་རིན་པོ་ཆེ་ཡོད་སར་སྒྱུ་རྩལ་གྱི་ལས་གཞི་གསར་པ་ཞིག་མགོ་བརྩམ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། སྒྱུ་རྩལ་དྲྭ་བ་ཞེས་པའི་དྲྭ་ཚིགས་སུ་གནས་ཚུལ་སྤེལ་བ་ལྟར་ན་བོད་ཀྱི་རྒྱུན་སྲོལ་ལྟར་ཕུང་པོ་བྱ་གཏོར་བྱེད་པ་ནི་སྦྱིན་པ་ཆེན་པོ་ཞིག་ཏུ་བསམ་བློ་བཏང་སྟེ་ཤ་རུས་གདོས་བཅས་ཀྱི་ཕུང་པོ་དེ་ཉིད་ས་ལ་ཐིམ་སྟེ་སླར་ཡང་རང་བྱུང་ཁམས་སུ་འདྲེས་ཀྱི་ཡོད་པའི་ཆོས་ཉིད་སྟོན་གྱི་ཡོད་པས་རྒྱ་མི་སྒྱུ་རྩལ་བ་ཀྲང་ཧོན་ལ་བློ་བསྐྱེད་ཆེན་པོ་ཞིག་རྙེད་ནས་སྒྱུ་རྩལ་བརྩམས་ཆོས་ཀྱི་ལམ་ནས་གོང་གི་དགོངས་པ་དེ་མཚོན་ཐབས་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག ལྷག་པར་དུ་ད་ཐེངས་ཀྱི་འགྲེམ་སྟོན་དེར་དར་ལྕོག་ས་ཡ་གཅིག་ཙམ་འཐེན་རྒྱུ། འགྲེམ་སྟོན་མཛད་སྒོ་མཇུག་སྒྲིལ་རྗེས་སུ་ཁོར་ཡུག་ལ་གནོད་པ་གང་ཡང་མི་འཕོག་པར་སྒྱུ་རྩལ་འགྲེམ་སྟོན་གྱི་རྒྱུ་ཆ་རྣམས་རང་སར་ཞིག་སྟེ་ས་ལ་ཐིམ་རྒྱུ་རེད། འདི་ནི་མིའི་རིགས་ཀྱི་ཕྱིའི་འཕྲུལ་རིག་ལག་རྩལ་གྱི་འཕེལ་རྒྱས་དང་ནང་སེམས་ཀྱི་ཉམས་ལེན་གཉིས་ངོ་བོ་རོ་གཅིག་ཏུ་འདུས་པ་སྟོན་ཐབས་ཀྱི་སྒྱུ་རྩལ་ལས་གཞི་རླབས་པོ་ཆེ་ཞིག་ཡིན་ཞེས་འགྲེལ་བརྗོད་བྱེད་བཞིན་ཡོད་འདུག
ད་ཐེངས་ཀྱི་འགྲེམ་སྟོན་དེར་དར་ལྕོག་ས་ཡ་གཅིག་ཙམ་འཐེན་རྒྱུ་ཡིན་པས་བོད་པ་མང་པོ་ཞིག་གིས་གངས་རིན་པོ་ཆེའི་ཉེ་འཁོར་གྱི་རང་བྱུང་ཁོར་ཡུག་ལ་འབག་བཙོག་ཚབས་ཆེན་ཐེབས་རྒྱུའི་བློ་འཚབ་ཀྱིས་སྒྱུ་རྩལ་འགྲེམ་སྟོན་དེར་གླེང་སློང་ཤུགས་ཆེན་བྱེད་ཀྱི་ཡོད་པ་སྟེ། མདོ་སྨད་རྔ་བར་སྐྱེས་ཤིང་ད་ལྟ་རྒྱ་ནག་པེ་ཅིང་ཏུ་སྒྱུ་རྩལ་གྱི་ཆེད་ལས་སྒྲུབ་བཞིན་པའི་བོད་པ་སྒྱུ་རྩལ་བ་ཁཱང་ལའོ་ཝུའུ་ཟེར་མཁན་ཞིག་གིས་གནས་ཚུལ་དེར་དོ་སྣང་ཆེན་པོ་བྱས་ཏེ་སྒེར་ངོས་ནས་ཀྲང་ཧོན་ལ་འབྲེལ་བ་བྱ་ཐབས་བྱས་ཀྲང་ཡ་ལན་གང་ཡང་མ་སྤྲད། མཐར་སྐད་འཕྲིན་བརྒྱུད་ནས་སྒྱུ་རྩལ་དྲྭ་བ་ཞེས་པའི་དྲྭ་ཚིགས་སུ་ཀྲང་ཧོན་གྱི་བྱེད་སྟངས་ནི་གངས་རིན་པོ་ཆེའི་ཁོར་ཡུག་ལ་འབག་བཙོག་བྱ་རྒྱུ་དང་བོད་པ་ཚོས་གནས་རི་ལ་བཅངས་པའི་ཆོས་ལུགས་དད་མོས་ཀྱི་འདུ་ཤེས་སོགས་ལ་དོ་ཕོག་གཏོང་གི་འདུག ལས་གཞི་དེ་འཕྲལ་དུ་མཚམས་འཇོག་བྱ་དགོས་ཞེས་འབོད་སྐུལ་ཞུས་འདུག འོན་ཀྱང་གཟའ་འཁོར་གཅིག་འདས་ཟིན་ཡོད་ཀྱང་འབྲེལ་ཡོད་ལས་སྣེ་དང་ཀྲང་ཧོན་རང་ངོས་ནས་ལན་འདེབས་གང་ཡང་མ་བྱས་པར་སྣང་མེད་དུ་སྐྱུར་འདུག
གཞན་ཡང་ཁཱང་ལའོ་ཝུའུ་ཡིས་བོད་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་དང་མངའ་རིས་ས་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ལ་རྒྱ་མི་སྒྱུ་རྩལ་པ་ཀྲང་ཧོན་གྱིས་ལས་གཞི་ཞིག་གཉེར་འཆར་ཡོད་པ་དེས་ཁོར་ཡུག་ལ་འབག་བཙོག་བྱེད་མིན་དང་འབྲེལ་ཡོད་ལས་ཁུངས་ཁག་གིས་ལས་གཞི་དེར་བརྟག་དཔྱད་གཟབ་ནན་དང་ཆོག་མཆན་སྤྲད་ཡོད་མེད་སོགས་སྐད་འཕྲིན་བརྒྱུད་ནས་འདྲི་རྩད་བྱས་འདུག མངའ་རིས་ས་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཀྱིས་སྤྱི་ཟླ་༡༠་པའི་ཚེས་༡༠་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་བརྡ་ལན་སྤྲད་འདུག བརྡ་ལན་དེར་ང་ཚོས་འབྲེལ་ཡོད་མི་སྣ་མངགས་གཏོང་བྱས་ནས་ཟླ་བ་གཉིས་ཀྱི་སྔོན་དེར་ཀྲང་ཧོན་གྱིས་སྤེལ་འཆར་ཡོད་པའི་ལས་གཞི་དེས་ཁོར་ཡུག་ལ་འབག་བཙོག་བྱ་རྒྱུ་ཡིན་མིན་དང་ད་ཐེངས་ཀྱི་ལས་གཞི་དེར་ཞིབ་བཤེར་ནན་མོ་བྱ་རྒྱུ་ཡིན་ཞེས་བཀོད་འདུག
ཁཱང་ལའོ་ཝུའུ་ཡིས་གནས་ཚུལ་དེ་ཐོག་མར་སོ་སོ་སྒེར་གྱི་པོད་འཕྲིན་དང་སྐད་འཕྲིན་ནང་དུ་སྤེལ་ཡོད་ཅིང་། དེ་ནས་མྱུར་དུ་བོད་ཕྱི་ནང་གཉིས་སུ་ཁྱབ་སྟེ་མི་མང་པོས་བརྒྱུད་སྐུར་བྱས་འདུག རྒྱ་ནག་པེ་ཅིང་དུ་གནས་འཁོད་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཚེ་རིང་འོད་ཟེར་གྱིས་ཀྱང་གནས་ཚུལ་དེ་ངོ་དེབ་དང་ཨིན་སི་ཊི་གྷ་རམ། ཊོས་ཊར་གྱི་སོགས་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་ཤུགས་ཆེན་བྱེད་བཞིན་པ་རེད།།
འབྲེལ་ཡོད།
༧གོང་ས་མཆོག་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོགས་པར་འཚམས་འདྲི་གནང་པ།
སེམས་ཁམས་འཕྲོད་བསྟེན་གྱི་ཉིན་མོར་སྲུང་བརྩི་ཞུས་པ།
XS
SM
MD
LG