ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ནག་ཆུ་ཁར་བོད་པ་༣༠་འཛིན་བཟུང་།


བདུན་ཕྲག་གཅིག་གོང་དུ་བོད་ཀྱི་ནག་ཆུ་ཁར་བོད་པ་དགུ་འགྲུབ་ལགས་ཀྱིས་རང་སྲེག་ངོ་རྒོལ་བྱས་པ་དང་། རྒྱ་གཞུང་གི་ཉེས་རྟོགས་པས་དགུ་འགྲུབ་ལགས་སྨན་ཁང་དུ་སྐྱེལ་པའི་སྐབས་སུ་ས་གནས་དེར་ཡོད་པའི་ཆོལ་གསུམ་གྱི་ཚོང་པ་ཁག་གཙོས་བོད་པ་མང་པོ་ཞིག་སྨན་ཁང་གི་ཕྱོགས་སུ་བསྐྱོད་པར་བརྟེན། རྒྱ་གཞུང་གི་ཉེན་རྟོགས་པས་བོད་པ་༣༠་ཙམ་འཛིན་བཟུང་བྱས་ཡོད་པ་མ་ཚད། ས་གནས་དེར་འཛིན་བཟུང་བྱས་པའི་བོད་པ་དེ་དག་གི་གྲས་སུ་རང་སྲེག་ངོ་རྒོལ་བ་འདས་པོ་དེའི་ཉེ་ཚན་འགའ་ཤས་ཀྱང་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་གྲྭ་བ་ཞིག་ལ་བཅར་འདྲི་ཞུས་པའི་གནས་ཚུལ་དེ་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG