ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཐཱེ་ཝན་གྱི་རྒྱལ་ས་ཐཱེ་པེར་ཆུ་ཚོད་༤༩་རིང་ཟས་བཅད་ངོ་རྒོལ།


མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོའི་སྔ་ཉིན་ནས་བོད་པ་བཅུས་ཐཱེ་ཝན་གྱི་རྒྱ་ས་ཐཱེ་པེར་ཆུ་ཚོད་༤༩་རིང་ལ་ཟས་བཅད་ངོ་རྒོལ་བྱེད་བཞིན་པའི་གནས་ཚུལ་ཞིོག་ཐཱེ་པེ་དུས་བབ་དུ་ཚགས་པར་ལ་འཁོད་ཡོད་ཅིང་། དེ་ཡང་ཐཱེ་ཝན་གྱི་བོད་པ་དང་བོད་དོན་རྒྱབ་སྐྱོར་པ་བཅུ་ཕྲག་འགའ་ཞིག་ཆར་པ་ཤུགས་ཆེན་འབབ་བཞིན་པ་དེ་ལ་མ་བལྟས་པར་བོད་ནང་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་༢༠༠༩་ཟླ་བ་༣་པ་ནས་བཟུང་། ད་བར་བོད་པ་༩༥་ཡིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་པ་དེར་མྱ་ངན་དང་གདུང་སེམས་མཉམ་སྐྱེད་བྱས་པ་དང་། བོད་པ་བཅུས་ཐཱེ་པེའི་རང་དབང་ཐང་ཆེན་དུ་ཆུ་ཚོད་༤༩་ལ་ཟས་བཅད་ངོ་རྒོལ་འགོ་ཚུགས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཚུལ་ཁྲིམས་རྒྱ་མཚོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གནང་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG