ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མདོ་ཁམས་དཀར་མཛེས་ས་ཆའི་བོད་མི་སྐལ་བཟང་བསྟན་འཛིན་ལགས་ཀྱིས་སྤྱི་ལོ་༢༠༡༢ལོར་དཀར་མཛེས་ཁྲོམ་གཞུང་དུ་ཞི་བའི་ངོ་རྒོལ་གནང་སྟེ། རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད། ཡིན་ན་ཡང་དེ་རིང་ཚེས་༢༠ཉིན་སྐལ་བཟང་བསྟན་འཛིན་ཁོང་དུས་བཀག་བཙོན་འཇུག་གི་དུས་ཡུན་མ་གཙང་བའི་སྔོན་ལ་གློད་གྲོལ་བཏང་ཡོད་པ་དང་། ཁོང་རང་ཁྱིམ་དུ་འབྱོར་སྐབས་དཀར་མཛེས་ས་གནས་མང་ཚོགས་ཀྱིས་ལག་ཏུ་ཁ་བཏགས་བཟུང་སྟེ་ཕེབས་བསུ་རྒྱ་ཆེ་གནང་འདུག་པའི་སྐོར། ཚེ་རིང་སྐྱིད་ཀྱིས་འདིའི་སྐོར་ནས་སྙན་སྒྲོན་ཞུས་ཡོད།
XS
SM
MD
LG