ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་མི་རི་ཀའི་གཞུང་འབྲེལ་མཐུན་ཚོགས་ཤིག་རྡ་སར་འབྱོར་པ།


ཨ་མི་རི་ཀའི་གཞུང་འབྲེལ་ལྟ་སྐོར་ཚོགས་པ་ཞིག་བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་འབྱོར་ཡོད་ཅིང་། ཁོང་ཚོར་དྷ་རམ་ས་ལར་མཛད་འཆར་གང་གང་ཡོད་མེད་ཀྱི་གནས་ཚུལ་ཞིབ་ཕྲ་ཐོན་མི་འདུག་ཀྱང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཚེས་༢༡་ཉིན་ཨ་མི་རི་ཀའི་གཞུང་འབྲེལ་མཐུན་ཚོགས་དེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འཐུས་མི་ཁག་ཅིག་ལ་ཐུགས་འཕྲད་གནང་སྟེ། ཁོང་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་བཅས་ལ་གླེང་མོལ་བྱས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG