ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གཞོན་ནུའི་སྦག་སྦག་སྐོར་སྐྱོད་ལས་འགུལ་བ་རྣམས་སྦེལ་ཀོབ་གཞིས་ཆགས་སུ་འབྱོར་ཡོད་པ།


རྒྱ་ནག་ལ་ཚོགས་འཆར་ཡོད་པའི་དགུན་དུས་ཨོ་ལིམ་ཕིག་རྩེད་འགྲན་ལ་ངོ་རྒོལ་དང་བོད་དོན་དྲིལ་བསྒྲགས་ཆེད་ཀྱི་ཆེད་དུ་ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་ཟླ་༡༢་ཚེས་༡༠ཉིན་སྦེང་ལོར་གྲོང་ཁྱེར་ནས་དབུ་འཛུགས་གནང་སྟེ་མེ་སོར་དང་ཀོ་ལི་གྷལ་དོན་ལྡན་གླིང་། ཧུན་སུར་རབ་རྒྱས་གླིང་བཅས་བརྒྱུད་ཕྱི་ཟླ་༡༢་ཚེས་༡༢ ཉིན་སྦེང་ཀོབ་བོད་མིའི་གཞིས་ཆགས་སུ་འབྱོར་ཡོད་པས། འབྲེལ་ཡོད་ཀྱི་ཞིབ་ཕྲའི་གནས་ཚུལ་ཞིག་རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།


XS
SM
MD
LG