ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་བུད་མེད་དུས་ཆེན་སྲུང་བརྩི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་བུད་མེད་དུས་ཆེན་སྲུང་བརྩི།

༄༅།། དེ་རིང་སྤྱི་ཟླ་༣་པའི་ཚེས་༨་ཉིན་ནི་རྒྱལ་སྤྱིའི་བུད་མེད་ཀྱི་དུས་ཆེན་ཡིན་ཞིང་། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་མེག་ལོར་ཁྲོམ་གཞུང་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་དུས་སུ་བོད་པའི་བུད་མེད་ཚོས་སྤྱི་ཚོགས་ལ་ཞབས་ཞུ་ཇི་ལྟར་ཞུས་ཡོད་པའི་འདྲ་པར་རྣམས་འགྲེམ་སྟོན་བྱས་ཏེ་བོད་ཀྱི་བུད་མེད་ཀྱི་གནས་སྟངས་ཡར་རྒྱས་གཏོང་བར་མང་ཚོགས་ལ་བསམ་ཚུལ་འདྲི་ཞིབ་བྱས་འདུག གཞན་ཡང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གིས་ལོ་འདིའི་ཕྱི་ཟླ་༦་པར་འཛམ་གླིང་གི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཐེངས་དང་པོར་བོད་པའི་བུད་མེད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ཚུད་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG