ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

མགོ་ལོག་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་རིན་ཆེན་སྐྱིད་གློད་གྲོལ།


༄༅།། རྒྱ་ནག་གཞུང་གིས་༢༠༢༡་ལོར་མགོ་ལོག་ཁུལ་དར་ལག་རྫོང་གི་སེང་འབྲུག་སྟག་རྩེ་གཙོས་བོད་པའི་སྒེར་གཉེར་སློབ་གྲྭ་ཁག་ཅིག་སྒོ་བརྒྱབ་པར་མི་འདོད་པའི་རྣམ་འགྱུར་བསྟན་པའི་རྐྱེན་གྱིས་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ནག་ཉེས་འོག་༢༠༢༡་ལོའི་ཕྱི་ཟླ་༧་ཚེས་༨་ཉིན་འཛིན་བཟུང་བྱས་པའི་མགོ་ལོག་དར་ལག་རྫོང་གི་སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་རིན་ཆེན་སྐྱིད་འཛིན་བྱས་ནས་ཟླ་བ་བཅུ་ཙམ་བཙོན་འཇུག་བྱས་རྗེས་ཕྱི་ཟླ་༤་པའི་ཚེས་༢༤་ཡི་མཚན་མོར་རྒྱ་ནག་གཞུང་གིས་གསང་བའི་ཐོག་ཏུ་གློད་གྲོལ་བཏང་སྟེ་ཁྱིམ་དུ་འབྱོར་ཡོད་པའི་གནས་ཚུལ་ཐོན་འདུག

མིང་དངོས་སུ་བརྗོད་འདོད་མེད་པའི་འབྲེལ་ཡོད་བོད་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རིན་ཆེན་སྐྱིད་ཕྱི་༢༤ ཉིན་རྒྱ་གཞུང་གིས་གློད་གྲོལ་བཏང་ཡོད་པ་དང་བོད་ནང་གི་མཚན་མོའི་ཚོུད་༨་པ་ཙམ་ལ་ཁྱིམ་དུ་འབྱོར་འདུག ཁོ་ཚོའི་སྒོ་འགྲམ་དུ་རྒྱ་གཞུང་གི་ཉེན་རྟོག་པའི་རླངས་འཁོར་གཉིས་བཞག་ཡོད་པ་དང་ཉེན་རྟོག་པ་ཁ་ཤས་ཁྱིམ་དུ་འདུག འོན་ཀྱང་རིན་ཆེན་སྐྱིད་ཀྱི་བཟའ་མི་ཚོ་མ་གཏོགས་ཕྱི་མི་སུ་གཅིག་ཀྱང་ཐུག་འཕྲད་དུ་གཏོང་གི་མེད་སྟབས་གཟུགས་གཞིའི་གནས་སྟངས་སོགས་གང་ཡང་ཤེས་རྟོགས་ཐུབ་མ་སོང་ཞེས་བཤད། ཡང་འབྲེལ་ཡོད་མི་སྣ་གཞན་ཞིག་གིས་རྒྱ་གཞུང་གི་བཙན་བཀའ་ལྟར་༢༠༢༡་ཕྱི་ཟླ་༧་པའི་ཚེས་༨་ཉིན་མགོ་ལོག་དར་ལག་རྫོང་གི་སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་བརྒྱབ་ཅིང་། སློབ་གྲྭ་དེར་ལོ་མང་རིང་དགེ་རྒན་བྱས་མྱོང་བའི་རིན་ཆེན་སྐྱིད་སློབ་གྲྭ་སྒོ་བརྒྱབ་རྗེས་སུ་སེམས་པ་མ་སྐྱིད་པར་སྔ་དགོང་གཉིས་སུ་བཟའ་བཏུང་ལ་མི་རོལ་པར་ཉིན་༡༠་ཙམ་འགྲོ་བཞིན་པའི་སྐབས་དེར་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཏེ་བཟའ་མི་ཉེ་འབྲེལ་ཚོས་སྨན་ཁང་དུ་བསྟེན་གཏུག་བྱེད་དགོས་པའི་རེ་བ་བཏོན་ཡང་རིན་ཆེན་སྐྱིད་ཀྱིས་དེ་ལ་མོས་མཐུན་མ་བྱས་པར་མུ་མཐུད་དུ་ཟས་བཅད་ངོ་རྒོལ་ལྟ་བུ་ཞིག་བྱེད་བཞིན་པའི་སྐབས་དེར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ལ་ངོ་ལོག་གི་ཉེས་མིང་བཏགས་ནས་ཕྱི་ཟླ་༨་པའི་ཚེས་༡་ཉིན་འཛིན་བཟུང་བྱས་པ་རེད་ཅེས་འགྲེལ་བརྗོད་གནང་འདུག་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG