ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཚོར་སྨན་ཁབ་རྒྱག་འགོ་ཚུགས་པ།


༄༅།། ཉེ་ཆར་རྒྱ་གར་གཞུང་གིས་ལོ་ན་༡༥་ནས་༡༨་ལ་སོན་པ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱུའི་ཐག་བཅད། ཕྱི་ཟླ་དང་པོའི་ཚེས་༣་ཉིན་རྡ་སའི་ས་གནས་གཞུང་གིས་གོ་སྒྲིག་འོག་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་འགོ་ཚུགས་ཡོད་ཅིང་། བོད་ཁྱིམ་སློབ་གྲྭའི་སྨན་ཁང་གི་འགན་འཛིན་ཚེ་རིང་དབང་མོས་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་གལ་ཆེན་པོ་རེད། སློབ་ཕྲུག་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་མ་བརྒྱབ་གོང་དུ་ཕ་མའམ། སྤུན་མཆེད་ཅིག་གིས་འགན་ལེན་གྱི་འགེངས་ཤོག་བསྐང་དགོས་ཀྱི་ཡོད། ཕ་མ་ཁག་ཅིག་ལ་རང་གི་ཕྲུ་གུར་སྔོན་འགོག་སྨན་ཁབ་རྒྱག་གི་མིན་ཟེར་གྱི་འདུག གུང་སེང་ནས་སློབ་གྲྭར་ཕྱིར་ལོག་བྱེད་མཁན་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་པའི་ངོ་སྦྱོར་དང་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་པའི་ངོ་སྦྱོར་ཡིག་ཆ་སྟོན་དགོས་ཞེས་འགྲེལ་བརྗོད་གནང་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG