ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མིས་རྒྱལ་སྤྱིའི་ཁྲོད་དུ་མནར་གཅོད་འགོག་པའི་ཉིན་མོ་སྲུང་གཙི་བྱེད་པ།


བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས། རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོ་སྲུང་བཙི་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ཁུལ་དུ་ལག་བསྟར་བྱེད་བཞིན་པའི་མནར་གཅོད་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས་ཡོད་པ་མ་ཟད། དེ་དང་འབྲེལ་ཏེ་བོད་མདོ་སྨད་རྔ་པ་རྫོང་ཁོངས་ནས་ཡིན་པའི་བོད་ནང་གི་རྩོམ་པ་པོ་སྨར་ལྗང་སྨྱུག་ལགས་ཀྱིས་རྒྱ་གཞུང་གི་བཙན་གནོན་འོག་མཐོང་ཐོས་མྱོང་གསུམ་དང་། བོད་མི་རྒན་པ་ཁག་ཅིག་ལ་རྒྱ་གཞུང་གིས་བོད་ས་བཙན་བཟུང་བྱེད་སྐབས་ཀྱི་དངོས་བྱུང་ལོ་རྒྱུས་བཅར་འདྲི་བྱས་པ་བཅས་ཀྱི་དཔེ་དེབ་༼ དུར་ས་འཚོལ་བའི་མི་༽ཞེས་པའི་ དཔེ་དེབ་དབུ་འབྱེད་གནང་ཡོད་པ་བཅས་ཀྱི་སྐོར་ལ་ས་གནས་ནས་འདི་ཀ་རླུང་འཕྲིན་ཁང་གི་ས་གནས་གནས་ཚུལ་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་ཡོང་བ་ཞིག་ལ་གསན་རོགས་གནང་།
XS
SM
MD
LG