ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱིས་པའི་ཤེས་ཡོན་ཆེད་དུ་གྲོང་རྡལ་དུ་གཞིས་ཆགས།


བོད་ཀྱི་ས་ཁུལ་གང་སར་ཞིང་འབྲོག་མང་ཚོགས་རྣམས་གྲོང་ཁྱེར་དང་གྲོང་རྡལ་ཁག་ཏུ་གཞིས་ཆགས་པར་རྒྱ་ནག་གཞུང་གིས་རོགས་སྐྱོར་བྱེད་ཀྱིན་ཡོད་ཅིང་། རོང་འབྲོག་མང་ཚོགས་ཀྱིས་རང་གི་སྒོ་ཕྱུགས་དང་ས་ཞིང་བློས་བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་རྗེས་སུ་རིམ་བཞིན་མི་མང་དེ་དག་གི་འཚོ་བརྟེན་བརླགས་པའི་དཀའ་ངལ་འབྱུང་གི་ཡོད་པ་སྟེ། དཔེར་ན་མཚོ་སྔོན་ཞིང་ཆེན་གྱི་མང་ར་ས་ཁུལ་དུ་གཅིག་སྡུད་སློབ་གྲྭའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་ས་གནས་ཁག་གི་སློབ་ཆུང་རྣམས་སྒོ་བརྒྱབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཁག་ལ་སློབ་གྲྭ་གཅིག་སྡུད་ཅེས་པ་ཞིག་བཙུགས་ཡོད་པས། ཁྱིམ་བདག་ཚོས་བྱིས་པའི་ཤེས་ཡོན་སློབ་སྦྱོང་ཆེད་དུ་འབྲོག་པའི་འཚོ་བ་བློས་གཏོང་བཞིན་པ་ནི་ས་གནས་འདིར་བསྐྱར་དུ་འབྲོག་པ་རྣམས་གྲོང་ཁྱེར་ཅན་དུ་འགྱུར་དགོས་པའི་རྒྱུ་རྐྱེན་ཞིག་ཆགས་ཡོད་པ་དང་། འབྲོག་པའི་འཚོ་བར་སྒྱུར་བཅོས་ཀྱི་རྣམ་པ་ཞིག་ཐེབས་བཞིན་པ་འདིར་ཤེས་ཡོན་ཅན་ཚོས་བློ་འཚབ་ཆེན་པོ་བྱེད་ཀྱིན་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG