ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

གཞོན་སྐྱེས་ལ་བོད་ཀྱི་སྐད་ཡིག་གི་ཟབ་ཁྲིད་མཇུག་བསྒྲིལ་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གྲྭ་ཚང་ཐོུང་གི་གོ་སྒྲིག་གནང་བའི་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་དྲུག་ཟབ་ཁྲིད་ཐེངས་བཅུ་པ་མཇུག་སྒྲིལ་བ།


བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བོད་རིགས་གཞོན་སྐྱེས་རྣམས་དང་། ལྷག་པར་མཐོ་སློབ་ཐོན་པའི་བོད་པའི་སློབ་ཕྲུག་ཚོའི་བོད་ཀྱི་སྐད་ཡིག་དང་། བརྡ་སྤྲོད། ནང་པའི་ལྟ་གྲུབ་སོགས་ཀྱི་གནས་ཚད་གོང་མཐོར་ཆེད། ཧོན་སུར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭ་དང་ཟུང་འབྲེལ་ཐོག་རྒྱུད་སྨད་གྲྭ་ཚང་གངས་ཅན་རིག་གནས་སློབ་གྲྭར་ལོ་ལྟར་དུས་ཡུན་ཟླ་དྲུག་རིང་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་གོ་སྒྲིག་ཞུ་མུས་ལྟར། ཟླ་དྲུག་ཟབ་ཁྲིད་ཐེངས་བཅུ་པ་དེ་ཡང་འདི་ལོའི་ཟླ་ ༧ ཚེས་ ༡ ནས་ཚོགས་ཏེ་སློབ་ཁྲིད་ཁག་མཇུག་སྒྲིལ་གནང་ཡོད་པ་རེད། ད་ལྟ་མཐའ་མའི་ཡིག་ཚད་ཁག་འགྲོ་བཞིན་ཡོད་ཅིང་སང་ཉིན་ཕྱི་ཚེས་༢༧ ཉིན་ཡིག་ཚད་ཁག་མཇུག་སྒྲིལ་གནང་ཏེ་ ཟླ་ ༡༢ ཚེས་ ༣༡ ཉིན་མཇུག་སྡོམས་མཛད་སྒོ་ཚོགས་གནང་གིི་ཡོད་པ་རེད།

སློབ་གྲྭ་དེའི་བོད་སྐད་སྡེ་ཚན་གྱི་འགན་འཛིན་དང་སློབ་དགེ་གཅིག་ཅོག་སྔགས་རམ་པ་རྒན་ཡོན་ཏན་ལགས་ཀྱིས་ད་བར་ལོ་ངོ་བཅུའི་ཟླ་དྲུག་ཟབ་ཁྲིད་ཀྱི་གྲུབ་འབྲས་སྐོར་ལ་དགོངས་འཆར་དེ་ལྟར་གསུང་གི་འདུག


འདི་ལོ་སྐབས་བཅུ་པའི་ཟབ་ཁྲིད་ནང་མཐོ་སློབ་ཐོན་པའི་སློབ་ཕྲུག་གཉིས་དང་གཞན་རྒྱ་གར་གྱི་མཐོ་སློབ་ཁག་ནས་ཐོན་པའི་སློབ་ཕྲུག་བོུ་༨ དང་བུ་༡༠བཅས་ཁྱོན་སློབ་ཕྲུག་༡༨མཉམ་ཞུགས་གནང་ཡོད་ཅིང་སློབ་ཕྲུག་ཁག་ཅིག་ནས་ཐེངས་འདིའི་ཟླ་དྲུག་ཟབ་ཁྲིད་བརྒྱུད་ནས་རང་ཉིད་ལ་དངོས་སུ་ཕན་ཐོགས་གང་བྱུང་ཡོད་མེད་སྐོར་ལ་མྱོང་ཚོར་དེ་ལྟར་གསུང་གི་འདུག
ཟླ་དྲུག་ཟབ་ཁྲིད་སྐབས་ཕྱི་ནས་མཁས་དབང་དེ་འདྲ་ཡང་ཆེད་དུ་གདན་ཞུ་གནང་ཏེ་གསུང་བཤད་གོ་སྒྲིག་དང་ད་དུ་དགོན་སྡེ་དང་གཞིས་ཆགས་ཤེས་ཡོན་བསྟི་གནས་ཁག་སོགས་ལ་ཤེས་ཡོན་ལྟ་སྐོར་ཡང་ཁྲིད་གནང་ཡོད་པ་མ་ཟད་ཟླ་དྲུག་ཟབ་ཁྲིད་རིང་གི་བཞུགས་གནས་དང་ཞལ་ལག་སོགས་མཐུན་རྐྱེན་དང་བགྲོ་གྲོན་ཡོངས་རྫོགས་རིན་མེད་དུ་ནར་གཏོང་གནང་གི་ཡོད་པ་རེད་འདུག་ཟབ་ཁྲིད་འདིའི་དམིགས་ཡུལ་གཙོ་བོ་ནི་མཐོ་སློབ་ཐོན་པའི་སློབ་མ་རྣམས་ལ་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པ་སློབ་ཁྲིད་གནང་ཏེ་གོ་རྟོག་སྤེལ་རྒྱུ་དེ་ཡིན་པ་རེད་འདུག


སྤྱིར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭའི་ཟླ་དྲུག་ཟབ་ཁྲིད་འདི་བཞིན་ཐོག་མར་ཕྱི་ལོ་ ༢༠༠༧ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྲྭ་ཚང་དུ་ཆིབས་སྒྱུར་སྐབས་བཀའ་སློབ་ཕེབས་དགོངས་སུ། དགོན་པའི་གནས་སྟངས་གང་ལེགས་ཆགས་ཡོད་པ་བརྟེན། གྲྭ་ཚང་སློབ་གཉེར་ཁང་འདིའི་ཁོངས་ནས་མི་རིགས་དང་ཕོ་མོ། སྐྱ་སེར་སོགས་ཀྱིས་དབྱེ་བ་མེད་པར་བོད་ཀྱི་ཆོས་དང་རིག་གནས་ལ་དོ་དབྱིངས་དང་འདུན་པ་ཡོད་མཁན་རྣམས་ལ་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཞིག་གསར་འཛུགས་ཐུབ་ན་གང་ཅིའི་ཕན་ཐོགས་ཡོང་རྒྱུ་སོགས་ཀྱི་བཀའ་སློབ་ཕེབས་ཡོད་པ་ལྟར་སློབ་གྲྭ་གསར་འཛུགས་གནང་བ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་གངས་ཅན་རིག་གནས་སློབ་གྲྭ” ཞེས་སློབ་གྲྭའི་མཚན་བྱང་འདི་ཡང་གསོལ་སྩལ་མཛད་པ་ཞིག་རེད་འདུག


ཕྱི་ལོ་༢༠༡༤ ལོར་ནསདབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང། རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་གྱིས་གོ་སྒྲིག་འོག་མཐོ་སློབ་ཁག་ནས་ཐོན་པའི་བོད་པའི་སློབ་ཕྲུག་དང་དོན་གཉེར་ཅན་གྱི་སློབ་ཕྲུག་་རྣམས་ལ་དངོས་སུ་ཟླ་བ་དྲུག་རིང་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་སློབ་ཁྲིད་ཞུས་ཏེ་ད་བར་ལོ་༡༠ ཕྱིན་ཡོད་པ་དང་དེའི་རིང་ས་གནས་འདྲ་མིན་དང་སློབ་གྲྭ་འདྲ་མིན་ནས་སློབ་ཕྲུག་སུམ་རྒྱ་མ་ལྷག་ལ་སློབ་ཁྲིད་གནང་ཡོད་པ་རེད།

XS
SM
MD
LG