ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

ཉག་རོང་དུ་བོིད་མི་ཞིག་བསད་ཡོད་འདུག


བོད་མདོ་ཁམས་ཉག་རོང་ས་ཁུལ་གྱི་བོད་མི་དཀར་དབང་གིས་བོད་རང་བཙན་ཡིན་པ་དང་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་ཞེས་པའི་སྦྱར་ཡིག་བཀྲམ་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་དང་། འཛིན་བཟུང་བྱས་པའི་ཉིན་ཤས་ཀྱི་རྗེས་སུ། དར་རྩེ་མདོ་རྫོང་ཉེན་རྟོག་པས་དཀར་དབང་གི་ནང་མི་ལ་དཀར་དབང་གི་ཕུང་བོ་ལེན་དུ་ཡོང་དགོས་པའི་བཀའ་བཏང་ཡོད་འདུག གནས་ཚུལ་འདིའི་སྐོར་ལ་ཚེ་རིང་སྐྱིད་ཀྱིས་ཉག་རོང་བ་བོད་མི་ཞིག་གི་འཁྲིས་ནས་གནས་ཚུལ་རྒྱུས་ལོན་བྱས་ཡོད།

XS
SM
MD
LG