ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༥/༡༥

ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་སུ་ཆེ་བསྟོད་གཟེངས་རྟགས་ཕུལ།


དེ་རིང་སྔ་དྲོར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གཉིས་ཐུན་མོང་གི་བཀོད་སྒྲིག་འོག་ཏུ། ། བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་གལ་ཆེའི་མི་སྣའི་སྐོར་གྱི་དཔྱད་གླེང་ཞེས་པའི་བོད་ཀྱི་ལོ་རྒྱུས་མཁས་པའི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་དེ་ས་རཱ་མཐོ་རིམ་སློབ་གཉེར་ཁང་དུའཚོགས་ཡོད་པ་དང་། ཚོགས་འདུ་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་ཇོ་སྲས་བཀྲིས་ཚེ་རིང་ལགས་སུ་མི་སྣ་བྱས་རྗེས་ཅན་གྱི་གཟེངས་རྟགས་ཤིག་ཕུལ་འདུག་པའི་སྐོར་གྱི་གནས་ཚུལ་བསྟན་འཛིན་བཟང་མོས་སྙན་སྒྲོན་ཞུས་ཡོད་པར་གསན་རོགས།


XS
SM
MD
LG