ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བུ་མོ་འཇིགས་མེད་སྒྲོལ་མར་ཁྲིམས་ཆད།


བོད་མདོ་ཁམས་དཀར་མཛེས་ཕྱོགས་ཀྱི་ཞིང་པའི་བུ་མོ་རང་ལོ་༡༧་ཅན་འཇིགས་མེད་སྒྲོལ་མར་ཁ་བྲལ་གྱི་ཉེས་མིང་འོག་ཏུ་ལོ་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཅིང་། ཁྲིམས་ཐག་བཅད་པའི་གནས་ཚུལ་དེ་འཇིགས་མེད་སྒྲོལ་མའི་ནང་མི་ལ་འབྱོར་འདུག ད་ལོའི་ཕྱི་ཟླ་༦་ནང་འཇིགས་མེད་སྒྲོལ་མས་དཀར་མཛེས་རྫོང་ཐོག་ཏུ་༼རྒྱ་རྒྱ་ཡུལ་དུ་སོང་། བོད་བོད་ཡུལ་དུ་གནས་དགོས་༽ཞེས་རླུང་རྟ་གཏོར་ནས་ངོ་རྒོལ་སྐད་འབོད་བྱས་པས། མོ་ས་གནས་ཉེན་རྟོག་པས་འཛིན་བཟུང་གིས་རྡུང་རྡེག་དྲག་པོ་བཏང་སྟེ། འཇིགས་མེད་སྒྲོལ་མ་སྨན་ཁང་དུ་སྐྱེལ་དགོས་བྱུང་བ་དང་། དེའི་རྗེས་སུ་མོ་གར་སོང་ཆ་མེད་དུ་གྱུར་ཏེ་ད་ལྟ་ཁ་བྲལ་གྱི་ཉེས་མིང་འོག་ཏུ་བཙོན་འཇུག་གི་ཁྲིམས་ཐག་མ་བཅད་བར་དུ་རྩད་གཅོད་ཐུབ་མེད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG