ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཝ་ཤིང་ཀྲོན་ནས་གྲོང་ཁྱེར་ནིའུ་ཡོག་བར་བོད་དོན་གོམ་བགྲོད་ལས་འགུལ།


ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ནས་གྲོང་ཁྱེར་ནིའུ་ཡོག་བར་བོད་དོན་གོམ་བགྲོད་གནང་མཁན་བོད་མི་ལྔ་པོ་དེ། ནིའུ་ཡོག་གྲོང་ཁྱེར་ནང་འབྱོར་ཏེ། དུས་ཡུན་ཉིན་གྲངས་བཅུའི་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་དེ་བཞིན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་མཇུག་སྒྲིལ་གནང་ཡོད་པ་དང་། སྐབས་དེར་སྐུའི་གཅེན་པོ་དམ་པ་སྟག་འཚེར་རིན་པོ་ཆེ་མཆོག་གི་སྲས་ཀུན་དགའ་ནོར་བུ་ལགས་ཀྱིས་ཉེ་ཆར་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ནས་འགོ་འཛུགས་གནང་བའི་བོད་རང་བཙན་གྱི་གོམ་བགྲོད་ལས་འགུལ་དེའི་ངོ་བོ་སོགས་ངོ་སྤྲོད་གནང་བ་དང་གཞན་གོམ་བགྲོད་པ་བཞི་པོ་རྣམས་ཀྱིས་ཀྱང་གསུང་བཤད་མདོར་བསྡུས་རེ་གནང་མ་རྗེས་མི་མང་རྣམས་ནས་མུ་མཐུད་མཉམ་འབྲེལ་རྒྱལ་ཚོགས་མདུན་ངོ་རྒོལ་སྐད་འབོད་བྱས་པ་དང་གནང་། ཐེངས་འདིའི་རང་བཙན་གོམ་བགྲོད་ནང་སྲས་ཀུན་དགའ་ནོར་བུ་ལགས་དང་། ཏྲེ་ཧོར་བློ་དགའ་ལགས། རབ་བརྟན་རྒྱ་མཚོ་ལགས། ཀླུ་ཆུ་དར་རྒྱས་ལགས་དང་ཝེ་ཏམ་གྱིས་མི་རིགས་ཡིན་པ་མཚན་ལ་ཐར་ཞུ་བ་བཅས་མི་ལྔ་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG