ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་སྐྱོང་གི་ལོ་གསར་གསུང་བཤད།


བོད་རྒྱལ་ལོ་༢༡༤༠་རབ་བྱུང་༡༧་པའི་ཆུ་སྦྲུལ་གནམ་ལོ་གསར་དུ་བཞད་པའི་དུས་འདིར་བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལ་གཙོས་བོད་པ་བཙན་བྱོལ་བ་གནས་སྡོད་བྱེད་ཡུལ་ཚང་མར་བོད་ནང་གི་བོད་མི་༡༠༠་སྐོར་ཞིག་གིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དེ་དག་ལ་མྱ་ངན་བྱས་པ་མ་ཟད། ཉེ་དུས་ཤིག་ནས་རྒྱ་ནག་གཞུང་གིས་བོད་མི་མང་པོ་ཞིག་འཛིན་བཟུང་དང་བཀག་ཉར་བྱེད་ཀྱི་ཡོད་པ་དེ་ལ་ངོ་རྒོལ་མཚོན་ཆེད་ལོ་གསར་སྐབས་སུ་དགའ་སྤྲོའི་རྣམ་པ་མེད་པར་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཁོ་ན་སྤེལ་དགོས་པའི་ནན་སྐུལ་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཨེ་ཝན་གྱིས་སྤེལ་བའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG