ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་པ་བཙན་བྱོལ་བའི་ཤེས་རིག་ལྷན་ཁང་གི་སློབ་ཡོན་གསལ་བསྒྲགས།


དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལྷན་ཁང་གིས་གསལ་བསྒྲགས་སྤེལ་པ་ལྟར་ན། ད་ལྟ་ཕྱི་རྒྱལ་གྱི་མཐོ་སློབ་ཁག་གསུམ་དུ་བོད་ཕྲུག་སློབ་མ་ཚོར་སློབ་ཡོན་ཐོབ་ཐབས་སུ་གོ་སྐབས་དམ་འཛིན་བྱས་ནས་སྙན་ཞུ་འབུལ་ཆོག་གི་ཡོད་ཅིང་། ཤེས་རིག་ལྷན་ཁང་གི་སློབ་ཡོན་སྡེ་ཚན་གྱི་དྲུང་གཞོན་སྐལ་བཟང་རིན་ཆེན་ལགས་ཀྱིས་བོད་པའི་སློབ་མ་ཚོར་སློབ་ཡོན་ཐོབ་པའི་གོ་སྐབས་ཡོད་སའི་མཐོ་སློབ་དེ་དག་གང་གང་ཡིན་པ་དང་སྙན་ཞུ་ཕུལ་སྟངས། སློབ་མར་དགོས་ངེས་ཀྱི་ཆ་རྐྱེན་ཅི་ཞིག་ཚང་དགོས་མིན་སོགས་ལ་ཚེ་རིང་སྐྱིད་དང་མཉམ་དུ་གླེང་མོལ་ཁ་གསལ་བྱས་ཡོད་པ་དེར་གསན་རོགས་གནང་།
XS
SM
MD
LG