ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་མཐའ་སྲུང་དམག་ཁོངས་ཀྱི་བོད་མི་ཞིག་འཕགས་བོད་ས་མཚམས་སུ་འདས་གྲོངས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

འཕགས་བོད་ས་མཚམས་སུ་རྒྱ་གར་མཐའ་སྲུང་དམག་མིའི་ཁོངས་སུ་ཡོད་པའི་བརྒྱ་ཤོག་བདུན་པའི་མེ་ཏོག་གཉིས་ཅན་གྱི་གོ་གནས་ཡོད་པའི་དྭང་ཞབས་ཤིག་རྐྱེན་འདས་དང་དྭང་ཞབས་གཞོན་པ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཞིག་ཕྱི་ཟླ་བརྒྱད་པའི་ཚེས་༣༡ ཉིན་ཐོན་པའི་ཐད། འབྲེལ་ཡོད་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས།

འཕགས་བོད་ས་མཚམས་སུ་རྒྱ་གར་མཐའ་སྲུང་དམག་མིའི་ཁོངས་སུ་ཡོད་པའི་བརྒྱ་ཤོག་བདུན་པའི་མེ་ཏོག་གཉིས་ཅན་གྱི་གོ་གནས་ཡོད་པའི་དྭང་ཞབས་ཤིག་རྐྱེན་འདས་དང་དྭང་ཞབས་གཞོན་པ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཞིག་ཕྱི་ཟླ་བརྒྱད་པའི་ཚེས་༣༡ ཉིན་སྤྱི་ཚོགས་དྲྭ་རྒྱའི་ཐོག་ཐོན་པའི་ཁར། དེ་རིང་ཕྱི་ཚེས་༡ ཉིན་འདས་པོ་དེའི་སྐུ་ཕུང་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་སྒར་དུ་ཁོང་གི་ནང་མི་ཚོར་རྩིས་སྤྲོད་བྱས་ཡོད་པའི་བརྙན་པར་སོགས་ཀྱང་མཐོང་རྒྱུ་འདུག་པས། གནས་ཚུལ་དེ་དང་འབྲེལ་ནས་འདི་གའི་གསར་འགོད་པས་འབྲེལ་ཡོད་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་སྐབས། ཁོང་གིས་ཕྱི་ཚེས་༣༠ ཉིན་གྱི་ཕྱི་དྲོར་འཕགས་བོད་ཀྱི་ས་མཚམས་སུ་འབར་རྫས་གས་ཐོར་གྱི་གནས་ཚུལ་ཁྲོད་བོད་མི་ཉི་མ་བསྟན་འཛིན་ལགས་རྐྱེན་འདས་དང་བསྟན་འཛིན་བློ་ལྡན་ལགས་ལ་རྨས་སྐྱོན་ཕོག་པའི་སྐོར་གསུངས་སོང་།།

དཔྱད་བརྗོད་ལ་བལྟ།

XS
SM
MD
LG