༄༅།། དེང་སྐབས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་གདལ་ཤུགས་ཆེན་འགྲོ་བཞིན་ཡོད་པས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོད་པ་བཙན་བྱོལ་བ་རྣམས་གནས་ཡུལ་གཙོ་བོ་བསམ་ཡས་གླིང་གི་མགྲོན་ཁང་དང་ཟ་ཁང་སོགས་ཉིན་༡༢་ཀྱི་རིང་ལ་སྒོ་བརྒྱབ་སྟེ་ཚོང་ལས་སོགས་རེ་ཞིག་མཚམས་འཇོག་དང་། ས་གནས་མི་མང་གིས་ཏོག་དབྱིབས་རིམས་ནད་ལ་འཛེམ་ཟོན་བྱ་དགོས་པའི་ཐག་གཅོད་བྱས་འདུག་པའི་ཞིབ་ཕྲའི་གནས་ཚུལ་རྣམས་ང་ཚོའི་ལྡི་ལིའི་ས་གནས་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་པའི་གསར་འགྱུར་དེར་གསན་རོགས།།