ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་ཀྱི་སློབ་ཆེན་སློབ་ཕྲུག་ཚོར་རང་སྲོག་མི་གཅོད་རྒྱུའི་ཁས་ལེན་བྱེད་དུ་བཅུག་པ།   


བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་བོད་ལྗོངས་ཞིང་འབྲོག་སློབ་གྲྭ་ཆེན་མོའི་སློབ་མ་ཚོར་རང་སྲོག་མི་གཅོད་པའི་ཁས་ལེན་བྱེད་དུ་འཇུག་བཞིན་པ་དང་། ཁས་ལེན་ཡི་གེ་ལ་མིང་རྟགས་འགོད་དུ་འཇུག་བཞིན་པ་རེད།

དེ་ཡང་༼ ཡིག་བསྒྱུར་གྱི་ལས་འགུལ་ཆེན་མོ་ ༽ ཞེས་པ་ཡིས་གནས་ཚུལ་སྤེལ་ཏེ་བོད་ཀྱི་གཞས་པ་སྐད་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་ངང་རྒྱ་ནག་ལ་ངོ་རྒོལ་བྱས་རྗེས་བོད་ལྗོངས་ཞིང་འབྲོག་སློབ་གྲྭ་ཆེན་མོའི་སློབ་མ་ཚོར་༼ རང་སྲོག་མི་གཅོད་པའི་ཁས་ལེན་ ༽ ཞེས་པའི་ཡི་གེ་ཞིག་ལ་མིང་རྟགས་བཀོད་དུ་བཅུག་ནས་རང་སྲོག་གཅོད་པ་ནི་ཐལ་ལྷུང་གི་བྱེད་སྟངས་ཡིན་པ་དང་། རང་སྲོག་གཅོད་རྒྱུའི་བསམ་བློ་འཁོར་ཚེ་ནང་མི་དང་དགེ་རྒན། གྲོགས་པོ་ལ་འབྲེལ་བ་བྱེད་ངེས་ཞེས་འབྲེལ་གཏུག་ཨང་གྲངས་སོགས་མཁོ་སྤྲོད་བྱེད་དགོས་བྱུང་བཞིན་པ་རེད།

ཊིག་ཊར་དྲ་ཚིགས་ངོས་སུ་ཚོགས་པ་དང་རྩ་འཛུགས་མེད་པར་མི་གྲངས་འབུམ་གཅིག་དང་ཕྱེད་ཀས་གྲུབ་པའི་༼ ཡིག་བསྒྱུར་གྱི་ལས་འགུལ་ཆེན་མོ་ ༽ ཞེས་པ་དེ་ནི་རྒྱ་ཡིག་དྲ་ལམ་དུ་ཡོང་བའི་གནས་ཚུལ་རྣམས་སྐད་ཡིག་སྣ་མང་ནང་བསྒྱུར་ཏེ་རྒྱ་ནག་གཞུང་དང་རྒྱ་ནག་གི་རྒྱལ་ཞེན་རིང་ལུགས་པ། ཡང་ན་རྒྱ་ནག་གཞུང་གི་སྲིད་ཇུས་དང་དྲིལ་བསྒྲགས་བཅས་ཀྱི་གཏམ་སྤྱོད་དང་ཡིག་ཆ་རྣམས་སྐད་ཡིག་སྣ་མང་ལ་བསྒྱུར་ཏེ་འཛམ་གླིང་མི་མང་ལ་སྟོན་ཐབས་བྱེད་མཁན་ཞིག་ཡིན་པ་རེད། དེ་རུ་ཚེས་༡༤་ཉིན་༼ རང་སྲོག་མི་གཅོད་པའི་ཁས་ལེན་ ༽ ཞེས་པའི་ཡི་གེ་དེ་རྒྱ་ཡིག་ནས་དབྱིན་ཡིག་ནང་བསྒྱུར་ཏེ་གནས་ཚུལ་ཕྱིར་བསྒྲགས་བྱུང་ཡོད་པ་རེད།།

བོད་ནང་གི་རང་ལུས་མེར་སྲེག་ངོ་རྒོལ་གནང་མཁན་ཁག་ཅིག་གི་ཐད་རྒྱ་ནག་གཞུང་གིས་དེ་དག་ནི་ངོ་རྒོལ་མ་ཡིན་པར་མི་དེ་དག་གི་སེམས་ཁམས་འཕྲོད་བསྟེན་ཡག་པོ་མེད་པ་དང་སྤྱི་ཚོགས་སྟེང་དཀའ་ངལ་འཕྲད་པའི་སྐབས་སུ་རང་ཤི་རྒྱག་མཁན་འབའ་ཞིག་རེད་ཅེས་བརྗོད་ཡོད།།

ཁས་ལེན་ཡི་གེ་ཞེས་པ་དེའི་ནང་དུ་རང་སྲོག་གཅོད་རྒྱུའི་བསམ་བློ་འཁོར་འཕྲལ་དགེ་རྒན་དང་ནང་མི། དེ་བཞིན་ཛ་དྲག་འབྲེལ་གཏུག་བྱེད་ས་སོགས་ལ་འབྲེལ་གཏུག་བྱ་རྒྱུའི་ཁས་ལེན་ཀྱང་བྱེད་དུ་བཅུག་ཡོད།།

XS
SM
MD
LG