ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འབྲོང་རུ་དམར་ཞིག་གངས་འདབས་ཀྱི་འབྲོང་ཁྱུར་འདྲེས་པ།


༼ང་ཚོའི་སྲིད་གཞུང་གང་དུ་ཡོད། ༽ དང་། ༼ང་ཚོའི་ལྷིང་འཇགས་དཀྲོག་མཁན་སུ་རེད། ༽ ༼ལྷ་ས་སྔར་བཞིན་ལྷ་ས་མ་ཡིན༽ ལ་སོགས་པ་རྩོམ་པ་པོ་ཀུན་དགའ་ཚངས་དབྱངས་ལགས་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གཏོང་ཡིན་པའི་ནག་ཉེས་བཙུགས་ཏེ་ལོ་ངོ་ལྔ་བཙོན་འཇུག་བྱས་པའི་རྗེས། ཟླ་འདིའི་ཚེས་༡༢་ཉིན་གློད་བཀྲོལ་བཏང་སྟེ་ཕྱིར་རང་ཡུལ་དུ་ལོག་སྐབས་ས་གནས་མང་ཚོགས་ཀྱིས་ཕེབས་བསུ་གཟབ་རྒྱས་གནང་འདུག ཀུན་དགའ་ཚངས་དབྱངས་ལགས་ནི་དཔར་པ་སྒྱུ་རྩལ་བ་ཞིག་ཡིན་ལ་དཔར་གྱི་ལམ་ནས་དྲ་རྒྱའི་རྒྱུད་ལམ་དུ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་ཞིག་ཀྱང་ཡིན། ཚེ་རིང་སྐྱིད་ཀྱིས་འདིའི་སྐོར་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG