ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིའི་བོད་པའི་བོད་དོན་ཞུ་གཏུགས་ལས་འགུལ།


ཕྱི་ཟླ་༡༠་པའི་ཚེས་༢༡་དང་༢༢་ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་འོག ཨ་མི་རི་ཀའི་ཨ་རིའི་ས་གནས་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་ཁག་ཅིག་གིས་འདི་ག་རྒྱལ་ས་ཝ་ཤིང་ཊོན་གྱི་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོའི་ལས་ཁུངས་ལ་ཆེད་བཅར་གྱིས་ཨ་རིའི་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་དུ་གནང་དགོས་པའི་འབོད་སྐུལ་ཞིས་ཡོད་པར་མ་ཟད། ཨ་རིའི་མངའ་སྡེ་གཞན་ཁག་ཏུའང་ས་གནས་སོ་སོའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པར་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་ཡོད་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་དང་ཁོ་ལོ་ར་ཌོ་མངའ་སྡེའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་འབྲོང་པ་ནམ་མཁའ་རྣམས་གཉིས་ལ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG