ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༥/༡༤

ས་རཱ་མཐོ་སློབ་ཏུ་བོད་ཀྱི་སྤྱི་ཚོགས་རིག་པའི་སློབ་ཁྲིད་གསར་ཁྲིད་གནང་བཞིན་པ།


བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སྤྱི་ཚོགས་རིག་པའི་ཉམས་ཞིབ་པ་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་མཐོ་རིམ་སློབ་གཉེར་ཁང་དེ་གའི་འཛིན་གྲྭ་ཁག་གཅིག་ལ་བོད་ཀྱི་སྤྱི་ཚོགས་རིག་པ་སློབ་ཁྲིད་གནང་བཞིན་ཡོད་པ་ལྟར་འདི་གའི་གསར་འགོད་པས་སྤྱི་ཟླ་ ༡ ཚེས་ ༩ ཉིན་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་སུ་མཐོ་སློབ་ནང་སློབ་ཚན་དེ་ལྟར་སློབ་ཁྲིད་གནང་དགོས་པའི་དགོས་དམིགས་གཙོ་བོ་གང་ཡིན་པའི་སྐོར་ལ་བཅར་འདྲི་ཞུས་པར། ཁོང་གིས་གཙོ་བོ་མཐོ་སློབ་ཀྱི་སློབ་མ་རྣམས་ལ་སྤྱི་ཚོགས་རིག་པའི་གོ་རྟོགས་ཡོང་ཐབས་དང་། རིམ་པས་ས་རཱ་མཐོ་སློབ་ཏུ་སྤྱི་ཚོགས་རིག་པ་སློབ་ཚན་ནང་གཏན་འབེབས་བྱ་རྒྱུའི་འཆར་གཞི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས་སྤྱིར་རྒྱ་གར་མཐོ་སློབ་ཁག་ཏུ་སྤྱི་ཚོགས་རིག་པའི་སློབ་ཚན་སློབ་ཁྲིད་གནང་གི་ཡོད་ན་ཡང་། ད་རེས་སློབ་ཁྲིད་གནང་བཞིན་པ་འདི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་མཚོན་པའི་རིག་གནས་སློབ་ཁྲིད་གནང་གི་ཡོད་པའི་སྐོར་ལ་མུ་མཐུད་གསུང་སོང་།

གཞི་རྩའི་ས་རཱ་མཐོ་སློབ་ཀྱི་ངོས་ནསསྤྱི་ལོ་ ༢༠༢༣ སྤྱི་ཟླ་ ༡༠ ནང་འབུམ་རམས་པ་རྒན་རྒྱལ་ལོ་ལགས་གདན་ཞུས་ཀྱིས་ལོ་གཅིག་གི་ནང་ཟླ་བ་གསུམ་མམ་བཞིའི་རིང་སློབ་ཚན་ཁྲིད་རྒྱུའི་འཆར་གཞི་བསྒྲིགས་ཡོད་ན་ཡང་། རྒྱ་གར་དང་ཁེ་ན་ཊའི་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཀྱི་དཀའ་ངལ་འོག་འདི་ལོ་ལས་གཞི་ཏག་ཏག་འགྲོ་ཐུབ་མེད་པ་སྟབས། བདུན་ཕྲག་གསུམ་རིང་ས་རཱ་མཐོ་སློབ་ཀྱི་རིག་གནས་རམས་འབྱམས་པའི་རིག་གནས་དང་པོ་དང་། གཉིས་པའི་སློབ་ཕྲུག་ཚོར་སློབ་ཁྲིད་གནང་བཞིན་ཡོད་པ་མ་ཟད། མ་འོངས་པར་ཐོག་མའི་འཆར་གཞི་ལྟར་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་སློབ་ཁྲིད་གནང་རྒྱུ་ཡིན་པ་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།།

གླེང་སྟེགས།

XS
SM
MD
LG