ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བོད་ནང་གནས་སྟངས་ལ་ཕྱི་ཕྱོགས་ཀྱི་གདོང་ལེན།


Watch Kunleng TV LIVE! (Windows)

བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་གྱི་གྲངས་ཚད་ད་ཆ་བརྒྱ་ལ་ཉེ་བར་བསླེབས་ཡོད་པ་དང་། འདས་པའི་ཟླ་བ་གཅིག་ཁོ་ནའི་ནང་བོད་མི་ ༢༨ ཀྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་མ་ཟད། མཐོ་རིམ་སློབ་གྲའི་སློབ་ཕྲུག་སོགས་ཀྱིས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་ཁྲོམ་བསྐོར་སོགས་བྱས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་བྱུས་སྔར་བཞིན་རྣོ་ངར་ཆེ་རུ་གཏོང་གི་ཡོད་པ་དང་། ཕྱོགས་གཞན་དེར་བོད་རྒྱ་འབྲེལ་མོལ་མཚམས་ཆད་པ་སོགས་གནས་སྟངས་ཛ་དྲག་དཀའ་རྙོག་ཅན་ྱྱི་ནང་བསྐྱོད་བཞིན་ཡོད་པ་རེད། ད་རིང་གི་ཀུན་གླེང་ལས་རིམ་ནང་བཀའ་བློན་ཁྲི་ཟུར་བཀྲས་མཐོན་བསྟན་འཛིན་རྣམ་རྒྱལ་ལགས་དང་ལོན་ཌོན་ནས་བོད་ཀྱི་ཆབ་སྲིད་ཞིབ་འཇུག་ཁང་གི་སྤྱི་ཟུར་བསོད་ནམས་ཚེ་རིང་ཕརྶི་ལགས་གཉིས་གདན་འདྲེན་ཞུས་ནས་ད་ལྟའི་བོད་ནང་གི་གནས་སྟངས་དཀའ་རྙོག་ཅན་དེ་ལ་གཞིགས་ནས་ཕྱི་ཕྱོགས་སུ་ཡོད་བོད་མི་སྤྱི་སྒེར་ཚོས་གདོང་ལེན་དང་འཕྲལ་ཕུགས་ཀྱི་གྲ་སྒྲིག་ཇི་ལྟར་བྱེད་དགོས་པ་བཅས་ཀྱི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིཀུན་གླེང་ལས་རིམ་གྱིས་བཀའ་བློན་ཁྲི་པ་ཟམ་གདོན་རིན་པོ་ཆེ་ལ་དམིགས་དམིགས་བསལ་བཅར་འདྲི་གླེང་མོལ་ཞུ་རྒྱུ་ཡིན །

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་ རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།
XS
SM
MD
LG