ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་ནང་རང་ལུས་མེར་སྲེག་གི་ཞི་རྒོལ་བྱེད་འགོ་ཚུགས་ནས་ལོ་༡༥ འཁོར་བའི་དུས་དྲན་སྲུང་བརྩི།


ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་ཛ་དྲག་གི་དྲི་བ་ཞེས་པའི་བརྗོད་གཞིའི་ཐོག་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐོར་བསྐྱོད་འགྲེམས་སྟོན་ཞིག་དབུ་འབྱེད་གནང་བ།
ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་ཛ་དྲག་གི་དྲི་བ་ཞེས་པའི་བརྗོད་གཞིའི་ཐོག་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐོར་བསྐྱོད་འགྲེམས་སྟོན་ཞིག་དབུ་འབྱེད་གནང་བ།

ཕྱི་ལོ་ ༢༠༠༨ ལོར་བོད་རྒྱལ་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བཙན་གནོན་དང་དྲག་པོའི་སྲིད་བྱུས་འོག་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱིས་བོད་མིར་རང་དབང་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སོགས་ཀྱི་འབོད་སྒྲའི་འོག་སྤྱི་ལོ་ ༢༠༠༩ ལོར་རང་ལུས་མེར་སྲེག་གི་ཞི་རྒོལ་བྱེད་འགོ་ཚུགས་ནས་དེ་རིང་ལོ་ངོ་བཅོ་ལྔ་འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་ཛ་དྲག་གི་དྲི་བ་ཞེས་པའི་བརྗོད་གཞིའི་ཐོག་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐོར་བསྐྱོད་འགྲེམས་སྟོན་ཞིག་དབུ་འབྱེད་གནང་བ་དང་སྦྲགས། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་དེ་རིང་གི་ཉིན་མོ་དེ་བཞིན་བོད་ཕྱི་ནང་གཉིས་ཀྱིས་བོད་མི་ཚོས་བརྗེད་དཀའ་བའི་ཉིན་མོ་ཞིག་ཡིན་པ་འགྲེལ་བརྗོད་གནང་སོང་།

ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་ཛ་དྲག་གི་དྲི་བ་ཞེས་པའི་བརྗོད་གཞིའི་ཐོག་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐོར་བསྐྱོད་འགྲེམས་སྟོན་ཞིག་དབུ་འབྱེད་གནང་བ།
ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་ཛ་དྲག་གི་དྲི་བ་ཞེས་པའི་བརྗོད་གཞིའི་ཐོག་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐོར་བསྐྱོད་འགྲེམས་སྟོན་ཞིག་དབུ་འབྱེད་གནང་བ།

གཞི་རྩའི་ཕྱི་ལོ་ ༢༠༠༩ ཟླ་ ༢ པའི་དེ་རིང་གི་ཚེས་ ༢༧ ཉིན་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་བཀྲ་ཤིས་སམ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེ་སྲེག་ངོ་རྒོལ་གནང་བ་ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་གྲངས་ཐོར་གཞིགས་ན་ད་བར་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་བོད་མི་ཤེས་རྟོགས་བྱུང་བ་ཁྱོན་བསྡོམས་ ༡༥༧ བྱུང་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་ ༡༣༦ འདས་གྲོངས་སུ་ཕྱིན་ཡོད་པ་མ་ཟད། གཞན་རྣམས་ད་ལྟའི་ཆར་གར་ཡོད་ཆ་མེད་དུ་གྱུར་ཡོད་ཅེས་འཁོད་འདུག

ཡང་དེ་རིང་ཛ་དྲག་གི་དྲི་བ་ཞེས་པའི་བརྗོད་གཞིའི་ཐོག་སྐོར་བསྐྱོད་འགྲེམས་སྟོན་ནང་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ཀྱིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་བ་དང་སྦྲགས་ཐེངས་དེའི་སྐོར་བསྐྱོད་འགྲེམས་སྟོན་འདི་དབུ་འབྱེད་གནང་སོང་ལ། ཁོང་གིས་བཙན་བྱོལ་དུ་ཡོད་པའི་བོད་མི་ཡོད་དོ་ཅོག་གིས་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་གཞིས་ལུས་བོད་མི་ཚོའི་བློས་བཏང་བྱས་པ་དེ་དག་ཆུད་ཟོས་མི་འགྲོ་བ་བྱ་དགོས་པ་གསུངས་གནང་སོང་།

ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་ཛ་དྲག་གི་དྲི་བ་ཞེས་པའི་བརྗོད་གཞིའི་ཐོག་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐོར་བསྐྱོད་འགྲེམས་སྟོན་ཞིག་དབུ་འབྱེད་གནང་བ།
ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་ཛ་དྲག་གི་དྲི་བ་ཞེས་པའི་བརྗོད་གཞིའི་ཐོག་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐོར་བསྐྱོད་འགྲེམས་སྟོན་ཞིག་དབུ་འབྱེད་གནང་བ།

དེ་བཞིན་ད་རེས་ཀྱི་འགྲེམས་སྟོན་ཐོག་བོད་མི་དེ་དག་གིས་རང་ལུས་མེར་སྲེག་ངོ་རྒོལ་གནང་བ་དང་། མེར་སྲེག་གཏོང་མཁན་དེ་དག་གི་མངོན་འདོད་ཅི་ཡིན། ཁོང་ཅག་ལ་རྒྱ་ནག་གཞུང་གིས་སྡུག་སྦྱོང་མནར་གཅོད་ཇི་ལྟར་བཏང་ཡོད་པ་བཅས་ཀྱི་དོན་ཚན་གསུམ་གྱི་ཐོག་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐད་རིགས་མི་འདྲ་བ་གསུམ་ནང་དྲིལ་བསྒྲགས་གནང་བཞིན་ཡོད་པ་རེད་འདུག་ལ། དེ་ཡང་འདི་ཚེས་ ༢༧ ནས་འགོ་འཛུགས་ཀྱིས་ཕྱི་ཟླ་ ༣ ཚེས་ ༨ བར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འགྲེམས་སྟོན་ཞུ་རྒྱུ་དང་དེའི་རྗེས་བོད་ཀྱི་འགྲེམས་སྟོན་ཁང་ནང་འགྲེམས་སྟོན་གནང་རྒྱུ་ཡིན་པ་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།

གླེང་སྟེགས།

XS
SM
MD
LG