༄༅།། དེ་རིང་སྤྱི་ཚོགས་དྲྭ་ལམ་དུ་སྐབས་བཅུ་དྲུག་པའི་ཡུ་རོབ་དང་ལྷོ་ཨ་ཧྥི་རི་ཀའི་ཁུལ་གྱི་སྤྱི་འཐུས་སྐུ་གཤོགས་ཐུབ་བསྟན་དབང་ཆེན་གྱིས་ང་ལ་དབུས་འོས་བསྡུ་ལས་ཁང་གིས་ཕྱག་བྲིས་ཤིག་འབྱོར་བྱུང་། ཕྱག་བྲིས་དེར་སྐུ་ཉིད་ཀྱི་ཚབ་ཏུ་སུད་སིར་གནས་འཁོད་དབང་པོ་བཀྲས་མཐོང་སྤྱི་འཐུས་སུ་འདེམས་ཐོན་བྱུང་ཡོད་ཅིང་། དེར་རྟེན་སྐུ་ཉིད་སྤྱི་ཟུར་དུ་གྱུར་ཟིན་པ་རེད་ཅེས་འཁོད་འདུག་གསུངས་པའི་བརྙན་ཐུང་ཞིག་ཐོན་འདུག འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཞུགས་སྒར་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་རྣམ་གཉིས་ལ་བཅར་དྲི་ཞུས་པའི་གནས་ཚུལ་དེ་གསན་རོགས་གནང་།།