ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་ཀྱི་དཔའ་བོ་དཔའ་མོ་ཚོར་རྗེས་དྲན་ཞེས་པའི་ལས་འགུལ།


༄༅།། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ཧིན་བོད་མཛའ་འབྲེལ་ཚོགས་པ། ལྡི་ལིར་བརྟེན་གཞི་བྱས་པའི་ངག་མེད་མགྲིན་ཚབ་ཚོགས་གསུམ་མཉམ་འབྲེལ་གྱིས་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་རྗེས་དྲན་ཞེས་པའི་ལས་འགུལ་ཞིག་འགོ་ཚུགས་ཡོད་ཅིང་། ཕྱི་ཟླ་༤་པའི་ཚེས་༢༩་ནི་བོད་དོན་འཐབ་རྩོད་པ་འདས་པོ་ཐུབ་བསྟན་དངོས་གྲུབ་ཀྱིས་བོད་དོན་ཆེད་དུ་རང་ལུས་མེར་སྲེག་བཏང་བའི་ཉིན་མོར་ཁེལ་ཡོད་པས་ཉིན་མོ་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དཔའ་བོ་དཔའ་མོའི་ཉིན་མོར་སྲུང་བརྩི་ཞུས་སོང་། ད་ལོ་ཚོགས་པ་གསུམ་མཉམ་འབྲེལ་ཐོག་ཏུ་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་རུང་ཉེ་ལམ་ཞིག་ནས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་གི་ཉེན་ཚབས་ཇེ་ཆེར་སོང་བའི་དབང་གིས་རེ་ཞིག་ལས་འགུལ་དེ་ཕར་འགྱངས་བྱས་འདུག

རྒྱ་གར་ལ་ཏོག་དབྱིབས་ནད་དུག་གི་ཉེན་ཚབས་འཇོམས་པའི་རྗེས་སུ་ལས་འགུལ་དེ་མུ་མཐུད་དུ་རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྤེལ་རྒྱུ། དེ་རིང་གི་གསར་འགོད་གསལ་བསྒྲགས་རྗེས་སུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་པན་ཁ་ཇ་གྷོ་ཡས་ལས་འགུལ་དེར་རྒྱ་གར་ཀྱི་གྲོང་གསེབ་དང་རྫོང་ཁག་༢༥༠་ལྷག་གི་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་མཉམ་ཞུགས་བྱ་འཆར་ཡོད། བོད་ཀྱི་རང་དབང་སླར་གསོའི་ལས་འགུལ་སྤེལ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་བསྒྲགས། དྲྭ་ལམ་གྱི་གླེང་སྟེགས་དེར་ཨར་ཨེ་སི་ཨེ་སི་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གནད་དོན་མི་སྣ་ཨིན་ཌི་རེ་ཤི་ཀུ་མར་དང་བཀའ་ཟུར་རྒྱ་རི་སྒྲོལ་མ་གཉིས་ཀྱིས་གཏམ་བཤད་གནང་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG