ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༢/༠༥/༡༩

ཡུ་རོབ་ཀྱི་འགོ་ཁྲིད་༣་ཡུཀ་རེན་ལ་ཕེབས་ནས་གདུང་སེམས་མཉམ་སྐྱེད།


༄༅།། ཡུཀ་རེན་ལ་ཨུ་རུ་སུའི་བཙན་འཛུལ་མགོ་བཙུགས་པ་ནས་བཟུང་སྟེ་ཨུ་ཡུ་གཉིས་ཀྱིས་གྲོས་མོལ་ཐེངས་བཞི་བྱས་ཡོད་ཅིང་། དམག་འཁྲུག་གི་ཛ་དྲག་སྐབས་འདིར་པོ་ལན་ཌི་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ། སི་ལོ་ཝེ་ཎི་ཡ་གསུམ་གྱི་སྲིད་བློན་ཆེན་རྣམས་ཡུཀ་རེན་ལ་འཚམས་འདྲིར་ཕེབས་ནས་སྲིད་འཛིན་ཛེ་ལན་སི་ཀིར་ཐུག་འཕྲད་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན། ཨ་མི་རི་ཀས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༡༣༦་རོགས་རམ་སྤྲོད་རྒྱུའི་ཁྲིམས་གཞི་ལ་སྲིད་འཛིན་གྱིས་མཚན་རྟགས་བཀོད་ཡོད་པའི་སྐོར། འཕྲིན་ལས་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG