ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཡང་བསྐྱར་བོད་མི་ན་གཞོན་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱ་རྒྱུར་རང་ལུས་ལ་མེ་སྤར་འདུག


འདི་ག་ཨ་མེ་རི་ཀའི་རླུང་འཕྲིན་ཁང་ལ་ཕྱི་ཚེས་༥འི་ཉིན་གུང་རྗེས་ཙམ་ལ་བསྐྱར་དུ་གནས་ཚུལ་འབྱོར་གསལ་ལ་ བོད་མདོ་སྨད་རྔ་བའི་ཡུལ་དུ་བོད་མི་ན་གཞོན་རང་ལོ་༡༨ཅན་ཞིག་གིས་རང་ལུས་ལ་མེ་སྤར་ཏེ་ ས་གནས་སྲིད་གཞུང་གི་ཉེན་རྟོག་པའི་ལས་ཁུངས་ཕྱོགས་སུ་བསྐྱོད་པ་དང་།་ཉེན་རྟོག་པའི་ལས་ཁུངས་མདུན་འདས་གྲོངས་སུ་ཕྱིན་ཡོད་འདུག རྡོ་རྗེ་ལགས་ཀྱི་ཕུང་བོ་ཡང་རྒྱ་ནག་གི་ཉེན་རྟོག་པས་མི་མང་གི་ལག་ནས་བཙན་འཕྲོག་བྱས་འདུག་པའི་སྐོར་ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་མི་སྣར་བཀའ་འདྲི་ཡིས་གནས་ཚུལ་ཕྱོགས་སྒྲིག་བྱེད་ཡོད།

XS
SM
MD
LG