ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༥/༠༣/༢༦

སྲིད་འཛིན་ཌོ་ནལ་ཊམ་ཁྲིམས་ལ་སྦྱོར་དགོས་པའི་ཐག་གཅོད།


གཟའ་ལྷག་པ་སྟེ། ཕྱི་ཟླ་༡༢་པའི་ཚེས་༡༨་ཉིན་ཨ་རིའི་གྲོས་ཚོགས་འོག་མས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་ཆབ་སྲིད་ཁེ་ཕན་ཆེད་དུ་སྲིད་འཛིན་གྱི་སྐུ་དབང་བེད་སྤྱོད་ལོག་པ་བཏང་བ་དང་གྲོས་ཚོགས་ཀྱི་རྟོག་ཞིབ་ལས་དོན་ལ་འགོག་རྐྱེན་བརྒྱབ་པ་བཅས་ནག་ཉེས་དོན་ཚན་གཉིས་ཀྱི་ཐོག་ཏུ་ཁྲིམས་སྦྱོར་དགོས་མིན་ལ་གྲོས་ཚོགས་འོག་མའི་འཐུས་མི་ཡོངས་ཀྱི་རྒྱས་འཛོམས་ཐོག་ཏུ་འོས་ཤོག་འཕངས་པའི་སྐབས་སུ་དོན་ཚན་དང་པོ་སྟེ། རང་གི་ཆབ་སྲིད་ཀྱི་ཁེ་ཕན་ཆེད་དུ་སྲིད་འཛིན་གྱི་སྐུ་དབང་བེད་སྤྱོད་ལོག་པ་བཏང་ཡོད་མེད་ལ་འོས་ཤོག་༢༣༠་དང་༡༩༧་གྱི་ཁྱད་པར་ཐོག་ཏུ་ཁྲིམས་ལ་སྦྱོར་དགོས་པའི་མང་མོས་བྱུང་ཞིང་། ཡང་དོན་ཚན་གཉིས་པ་སྟེ། གྲོས་ཚོགས་ཀྱི་རྟོག་ཞིབ་ལས་དོན་ལ་འགོག་རྐྱེན་བརྒྱབ་པའི་གནད་དོན་ལ་འོས་ཤོག་༢༢༩་དང་༡༩༨་གྱི་ཁྱད་པར་ཐོག་ཏུ་ཁྲིམས་ལ་སྦྱོར་དགོས་རྒྱུར་མང་མོས་བྱུང་ཡོད་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG