ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྨོན་ལམ་ཚིག་མཛོད་ཐོན་རིམ་༣་པ་༧གོང་ས་མཆོག་ལ་སྤྱན་འབུལ།


༄༅།། ལོ་དགུའི་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གསུམ་པའི་ལས་གཞི་དེ་མཇུག་སྒྲིལ་ཏེ་བོད་ཀྱི་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ཟླ་༤་པའི་ཚེས་༢༠་སྟེ། རེས་གཟའ་ལྷག་པའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལ་མཇལ་ཁ་སྩལ།།

སྨོན་ལམ་ཚིག་མཛོད་ལས་གཞི་ནི་༢༠༡༢་ནས་མགོ་བཙུགས་ཏེ་ཐོན་རིམ་དང་པོ་༢༠༡༥་ལོར་རྒྱ་གར་ལྷོ་ཕྱོགས་སེ་ར་བླ་སྤྱིའི་ཚོགས་ཁང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་མཛད། ཐོན་རིམ་གཉིས་པ་ནི་༢༠༡༨་ལོར་གནས་མཆོག་རྡོ་རྗེ་གདན་དུ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་དང་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ། དེ་བཞིན་ཤར་པ་ཆོས་རྗེ་དང་མཁན་ལས་ཟུར་རྣམས། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་ཀྱིས་དབུ་འབྱེད་གནང་ཡོད་པ་རེད། ཁ་སང་ཕྱི་ཚེས་༢༠་ཉིན་༧གོང་ས་མཆོག་མཇལ་ཁ་ཞུ་དགོས་དོན་དང་ཐོན་རིམ་གསུམ་པ་རིང་མིན་༧གོང་ས་མཆོག་གིས་དབུ་འབྱེད་བཀའ་དྲིན་བསྐྱང་རྒྱུའི་ཞལ་བཞེས་ཐོབ་སོང་། ད་ལྟ་དབུ་འབྱེད་གནང་ལ་ཉེ་བའི་སྨོན་ལམ་ཚིགས་མཛོད་ཐོན་རིམ་གསུམ་པར་མིང་ཚིག་པོད་ཕྲེང་༢༢༣་ཡར་འཇུག་བྱས་ཡོད་པར་མ་ཟད། འཛམ་གླིང་གི་ཚིག་མཛོད་རྒྱས་ཤོས་གྲས་ཤིག་ཏུ་འགྱུར་གྱི་ཡོད་ཅེས་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་སྨོན་ལམ་གྱིས་གསར་འགོད་པར་འགྲེལ་བརྗོད་གནང་འདུག་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG