ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་པའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་ཡམས་མགོ་འཇོམས།


༄༅།། ཕྱི་ཟླ་༢་པའི་ཚེས་༡༧་ཉིན་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བཤད་སྐབས་སུ་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་བོད་པ་བཙན་བྱོལ་བ་ལོ་ན་༡༨་ཡན་ཆད་ལ་སོན་པ་༤༩༨༧༡་ལ་སྨན་ཐུན་གཉིས་པའི་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པ་ཡོད་དང་མི་༤༧༧་ལ་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ་ཟིན། བལ་ཡུལ་དུ་མི་༦༩༩༠་ལ་སྨན་ཐུན་གཉིས་ཀའི་སྔོན་འགོག་སྨན་ཁབ་ཐོབ་ཡོད། འདས་པའི་བདུན་ཕྲག་གཅིག་གི་ནང་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༧༣་ཐོན་སོང་ཞེས་གསལ་བསྒྲགས་སྤེལ་འདུག

འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་བསྟན་འཛིན་ཀུན་བཟང་གིས་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་བོད་པའི་སྤྱི་ཚོགས་སུ་ཁྱབ་ནས་བཟུང་སྟེ་བདུན་ཕྲག་རེར་ཆ་མཉམ་ནད་པ་གསར་པ་༢༠༠་ལྷག་ཐོན་སོང་། འོན་ཀྱང་ད་ཐེངས་ཀྱི་བདུན་ཕྲག་འདིར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༧༣་ལས་ཐོན་མ་སོང་། དེའི་རྒྱུ་མཚན་ནི་ཏོག་དབྱིབས་ནད་དུག་མགོ་འཇོམས་ཀྱི་ཡོད་པའི་རྟགས་མཚན་རེད། དེས་ན་བོད་མིའི་སྒྲིག་འཛུགས་དང་རྒྱ་གར་གཞུང་གཉིས་ཀས་འགྲོ་འོང་བཀག་སྡོམ་སོགས་ཕྱིར་འཐེན་བྱས་ནས་ལྷོད་ཡངས་གཏོང་གི་ཡོད། ཡིན་ནའང་བོད་པའི་ལོ་སར་སླེབས་ལ་ཉེ་བས་མི་སོ་སོས་བརྟག་དཔྱད་དང་ནད་འགོག་གི་ལས་ཐབས་རྣམས་ཚུལ་བཞིན་བསྟེན་དགོས་པའི་འབོད་སྐུལ་ཞུས།།

ད་ལྟའི་བར་དུ་འཕྲོད་བསྟེན་ལས་ཁུངས་སུ་ཐོ་འགོད་བྱུང་བར་གཞིགས་ན། བོད་པའི་སྤྱི་ཚོགས་སུ་མི་༩༠༦༠་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་༨༧༨༩་དྲག་སྐྱེད། མི་༡༦༦་ལ་འཆི་སྐྱོན་དང་སྨན་བཅོས་བྱེད་བཞིན་པ་༡༠༥་བཅས་བྱུང་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG