ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༤/༢༢

ཇི་ལྟར་བྱས་ཏེ་འབྲོག་པའི་སྲོལ་རྒྱུན་གྱི་ཕྱུགས་འཚོའི་ལམ་ལུགས་ཀྱིས་རྩ་ཐང་ལ་ཕན་གྱི་ཡོད་དམ།


རྒྱ་ནག་གཞུང་གིས་བོད་ཀྱི་འབྲོག་པ་གནས་སྤོ་བྱེད་པ་དང་འབྲོག་པའི་སེམས་ཅན་ཉུང་འཕྲི་བྱེད་པའི་སྲིད་ཇུས་ལག་ལྟར་བྱེད་བཞིན་ཡོད་ཀྱང་། འབྲོག་པའི་ཕྱུགས་འཚོའི་ལམ་ལུགས་ཀྱིས་རྩ་ཐང་ལ་ཕན་གྱི་ཡོད་པ་རྒྱལ་སྤྱི་དང་རྒྱ་ནག་གི་ཞིབ་འཇུག་པ་ཚོས་ཤེས་རྟོགས་བྱུང་ཡོད་པ་རེད། ཨ་མི་རི་ཁའི་ནང་ད་ལྟ་རྩ་ཐང་གི་ཐོག་སེམས་ཅན་མང་པོ་མེད་པར་གྱུར་རྗེས་རྐང་བཙུགས་ནས་ཞིང་པ་ཚོར་ཡོད་པའི་སེམས་ཅན་རྣམས་རྩ་ཐང་ཐོག་འཁྲིད་ནས་རྩཱ་སའི་སྤུས་ཚད་སླར་གསོ་ཡོང་བའི་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། ཐེངས་འདིའི་གངས་རིའི་བྲག་ཅའི་ལེ་ཚན་ནང་། ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ལམ་ལུགས་དེས་གང་འདྲ་བྱས་ཏེ་རྩ་ཐང་ལ་ཕན་གྱི་ཡོད་པའི་སྐོར་ལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།
XS
SM
MD
LG