ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨང་སན་སུ་ཅི་དཔའ་མོ་ཞིག་ནས་ཉེས་ཅན་དུ་བསྒྱུར་བའི་ཁྲིམས་གཅོད།


༄༅།། འབར་མའི་དམངས་གཙོའི་དབུ་ཁྲིད་ཨན་སང་སུ་ཅིས་འགོ་ཁྲིད་པའི་དམངས་གཙོ་མནའ་འབྲེལ་ཚོགས་པའི་སྲིད་གཞུང་དེ་དམག་གིས་མགོ་རྟིང་བསློགས་ནས་སྲིད་དབང་འཕྲོག ན་ནིང་ཕྱི་ཟླ་༢་པའི་ཚེས་༡་ནས་ཟླ་བ་མང་པོར་འབར་མའི་དམག་གཞུང་གིས་ཨང་སན་སུ་ཅི་ལ་ནག་ཉེས་འདྲ་མིན་ཞིག་འཛུགས་རྒྱུའི་ལྐོག་ཇུས་བཤམས། ད་ལྟ་ཁོང་ལ་ནག་ཉེས་ཁག་༡༡་བཙུགས་ནས་ཁྲིམས་བཤེར་བྱེད་ཀྱི་ཡོད་པ་དང་ཁ་སང་གཟའ་ཟླ་བའི་ཉིན་ཨང་སན་སུ་ཅིར་ལོ་བཞིའི་ཁྲིམས་ཐག་བཅད་ཀྱང་འབར་མའི་དམག་གཞུང་གིས་ལོ་༢་ཆག་ཡང་བཏང་འདུག འོན་ཀྱང་ཁོང་ལ་ནག་ཉེས་གཞན་ཁག་གི་ཐོག་ཏུའང་ཁྲིམས་ཐག་གཅོད་རྒྱུ་ཡིན་པས་མི་ཚེའི་ལྷག་འཕྲོད་རྣམས་བཙོན་ཁང་དུ་སྐྱེལ་དགོས་ཐུག་སྲིད་པ་སོགས་ཀྱི་སྐོར། རྡོ་རྗེ་ཐོགས་མེད་ལགས་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG