ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རིས་དུས་ཐོག་ཏུ་ཏོག་དབྱིབས་ནད་དུག་སྔོན་འགོག་བྱས་ཐུབ་མེད་པ།


༄༅།། དེང་སང་འཛམ་གླིང་ཡོངས་སུ་འགོས་ཁྱབ་ཚབས་ཆེན་འགྲོ་བཞིན་པའི་ཏོག་དབྱིབས་ནད་དུག་ཐོག་མར་རྒྱ་ནག་ལ་ཁྱབ་འགོ་ཚུགས་མ་ཐག་པ་ནས་ཨ་རིའི་འཕྲོད་བསྟེན་མཁས་པ་དང་ཚན་རིག་པ། དེ་བཞིན་གཞུང་འབྲེལ་མཐོ་རིམ་དཔོན་རིགས་ཁག་དང་གསང་བའི་ལས་ཁང་གི་ལས་སྣེ་སོགས་ཆེད་ལས་མཁས་པ་ཁག་ཅིག་གིས་འཛམ་གླིང་ཁྱོན་ཡོངས་ལ་རིམ་བཞིན་འགོས་ནད་དེ་ཁྱབ་གདལ་འགྲོ་སྲིད་པའི་ཉེན་ཁ་མཐོང་སྟེ་བློ་འཚབ་ཀྱིས་ཕན་ཚུན་གློག་འཕྲིན་མང་པོ་ཞིག་གཏོང་རེས་བྱས་ཀྱང་གློག་འཕྲིན་དེ་དག་གི་ནང་དོན་ལ་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་དོ་སྣང་ཚུལ་བཞིན་མ་བྱས་པ་དང་ཨ་རིའི་གཞུང་གིས་དུས་ཐོག་ཏུ་རིམས་ནད་སྔོན་འགོག་བྱེད་མ་ཐུབ་པའི་རྐྱེན་གྱིས་ཨ མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདོལ་ཚབས་ཆེན་འདི་བྱུང་བ་རེད་ཅེས་གསལ་སྟོན་བྱས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG