ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༢༦

རྒྱ་ནག་དམར་ཤོག་དཔོན་རིགས་ཀྱི་མི་ཐོག་གསར་པའི་གནས་སྟངས།


རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཉི་ཤུ་པ་ཞེས་པ་དང་རྒྱ་ནག་གི་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་ཞེས་པའི་ཐོག། དམར་ཤོག་ཚོགས་པའི་འགོ་ཁྲིད་ཞིས་ཅིན་ཕིང་གིས་ཁོ་རང་དང་མི་ཐོག་གཅིག་པ་ཡིན་པའི་དམར་ཤོག་དཔོན་རིགས་ཚོ་རྒྱ་ནག་དབུས་གཞུང་དང་དེ་བཞིན་ཞིང་ཆེན་རིམ་པའི་གོ་གནས་ནས་ཕྱིར་འབུད་བཏང་སྟེ། ས་གནས་ཀྱི་དཔོན་རིགས་ལ་བསྐོ་བཞག་བྱས་ཡོད་པར། ཆེད་མཁས་པ་ཚོས་རྒྱ་ནག་དམར་ཤོག་གི་ལམ་ལུགས་འོག་ཏུ། ས་གནས་ཀྱི་དཔོན་རིགས་ཀྱི་མི་རབས་རྗེས་མ་ཚོས་ཀྱང་། སོ་སོའི་ཕ་མེས་ཀྱི་དབང་ཆ་ལ་བརྟེན་ནས་སྒེར་གྱི་ཁེ་ཕན་ཁོ་ན་བསྒྲུབ་ཐབས་བྱ་རྒྱུ་ཡིན་པར་མ་ཟད། ཁོ་ཚོའི་མི་ཐོག་རྗེས་མ་ཚོས་ཀྱང་དམར་ཤོག་གི་རྒྱུན་འཛིན་པ་ཆགས་རྒྱུ་ཉག་ཅིག་རེད་ཅེས་བརྗོད་འདུག།

ཉེ་ལམ་ཞིས་ཅིན་ཕིང་གི་གཅུང་པོ་ཞིས་ཡོན་ཕིང་ཞེས་པ་ཚོང་དོན་ལས་འགུལ་ནང་མཉམ་བཞུགས་བྱས་ཡོད་པའི་བརྙན་པར་འགའ་ཕྱིར་ཐོན་ཡོད་དང་འབྲེལ། མི་ཚོས་དམར་ཤོག་དཔོན་རིགས་ཀྱི་མི་ཐོག་གསར་པའི་སྐོར་ལ་བསྐྱར་དུ་གླེང་སློང་བྱེད་བཞིན་འདུག།

དབྱིན་ཇིའི་ལོན་ཏོན་ལ་རྟེན་གཞི་བྱས་ཡོད་པའི་རྒྱལ་པོའི་སློབ་གླིང་གི་རྒྱ་ནག་སྐོར་གྱི་ཉམས་ཞིབ་པ་ཁེ་རེ་བྷ་རོན་K
དབྱིན་ཇིའི་ལོན་ཏོན་ལ་རྟེན་གཞི་བྱས་ཡོད་པའི་རྒྱལ་པོའི་སློབ་གླིང་གི་རྒྱ་ནག་སྐོར་གྱི་ཉམས་ཞིབ་པ་ཁེ་རེ་བྷ་རོན་K

རྒྱ་ནག་དམར་ཤོག་དཔོན་རིགས་ཀྱི་མི་ཐོག་གསར་པ་ཚོས་དབང་ཆ་ལ་འདོད་ཧམ་ཧ་ཅང་ཆེ།

དེང་སྐབས་རྒྱ་ནག་དམར་ཤོག་དཔོན་རིགས་ཀྱི་མི་ཐོག་གསར་པ་མང་ཆེ་བ་ཚོང་ལས་གཉེར་བཞིན་ཡོད་སྟབས། གལ་སྲིད་རྒྱ་ནག་དམར་ཤོག་ཚོགས་པས་སྒེར་གཅོད་གྱི་སྲིད་དབང་བཙུགས་མེད་པ་ཡིན་ན་ཁོ་ཚོ་ལ་ཚོང་གི་ཁེ་བཟང་ཉུང་ཉུང་ཞིག་ལས་རག་ཐབས་མེད་པས། ཉམས་ཞིབ་པ་ཁེ་རེ་བྷ་རོན་Kerry Brown ལགས་ནས་བརྗོད་དོན་ལྟར་ན། ཁོ་ཚོ་ལ་མཚོན་ན་ཆབ་སྲིད་ཀྱི་དབང་ཆ་གལ་ཆེ་ཤོས་ཆགས་ཡོད། དམར་ཤོག་ཚོགས་པའི་སྲིད་དབང་ལ་ཡུལ་དུས་གཉིས་ཆ་ནས་ཧ་ལམ་ཚད་བཀག་གང་ཡང་མེད་པས། ཞིས་ཅིན་ཕིང་གིས་ཀྱང་ཆབ་སྲིད་ཀྱི་དབང་ཆ་དེ་ཨང་དང་པོར་བཞག་སྟེ། དཔལ་འབྱོར་གྱི་དབང་ཆ་ལ་དེ་ཙམ་གྱིས་དོ་སྣང་བྱེད་ཀྱི་མེད་པ་རེད། དོན་དམ་ལ་དམར་ཤོག་ཚོགས་པས་དབང་ཆ་གཙོ་འཛིན་བྱེད་པ་དེ་ནི་ལོ་བརྒྱ་ཙམ་གྱི་སྔོན་ནས་གཞི་གྲུབ་ཡོད་པའི་དམར་ཤོག་ཚོགས་པའི་དམིགས་གསལ་གྱི་ཁྱད་ཆོས་དང་རིག་གནས་ཤིག་རེད་ཅེས་འགྲེལ་བརྗོད་བྱས་འདུག།

དམར་ཤོག་དཔོན་རིགས་ཀྱི་མི་ཐོག་གསར་པ་ཚོ་ཞིས་ལ་བློ་སེམས་དཀར་པོ་ཡིན་པའི་མི་ཁྱབ།

རྒྱ་ནག་གི་དམངས་གཙོ་ཚོགས་པ་གསར་འཛུགས་གནང་མཁན་དང་བྷ་རོན་Brown སློབ་ཆེན་གྱི་ཉམས་ཞིབ་པ་གྲགས་ཅན་ཤུས་ཝེན་ལིས་
རྒྱ་ནག་གི་དམངས་གཙོ་ཚོགས་པ་གསར་འཛུགས་གནང་མཁན་དང་བྷ་རོན་Brown སློབ་ཆེན་གྱི་ཉམས་ཞིབ་པ་གྲགས་ཅན་ཤུས་ཝེན་ལིས་

རྒྱ་ནག་གི་དམངས་གཙོ་ཚོགས་པ་གསར་འཛུགས་གནང་མཁན་དང་བྷ་རོན་Brown སློབ་ཆེན་གྱི་ཉམས་ཞིབ་པ་གྲགས་ཅན་ཤུས་ཝེན་ལིས་བརྗོད་དོན་ལ། ཆབ་སྲིད་ཚོགས་པ་གཅིག་གི་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་འོག་ཏུ་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་ལ་གོམས་ཡོད་པ་ནི་ཆོས་ཉིད་ཅིག་རེད། ཡིན་ན་ཡང་། རྒྱ་ནག་དམར་ཤོག་དཔོན་རིགས་ཀྱི་མི་ཐོག་གསར་པ་ཚོ་རུལ་སུངས་ཡིན་ཡང་ཁོ་ཚོ་ཞིས་ཅིན་ཕིང་ལ་བློ་སེམས་དཀར་པོ་ཡིན་པའི་མི་ཁྱབ་ཅེས་དང་། ཚད་བཀག་མེད་པའི་དབང་ཆ་གཅིག་སྡུད་ལས་ཚད་བཀག་མེད་པའི་ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས་ཆགས་རྒྱུ་ཡིན་པ་ཆོས་ཉིད་རེད། མི་ཚོགས་ཡོད་པ་ཙམ་གྱིས་དེ་ལ་ལྟ་གྲུབ་དང་ལྟ་ཚུལ་འདྲ་མིན་ཆགས་རྒྱུ་གཏན་ཁེལ་ཡིན་པས། རྒྱ་ནག་དམར་ཤོག་དཔོན་རིགས་ཀྱི་མི་ཐོག་གསར་པ་ཚོས་ཞི་ཅིན་ཕིང་ལ་བློ་སེམས་དཀར་པོ་ཡིན་པ་དང་ཁོའི་རྗེས་སུ་མཐའ་གཅིག་ཏུ་འབྲངས་སྲིད་པའི་ངེས་པ་གང་ཡང་མེད། ཐ་ན་ཞིས་ཅིན་ཕིང་གི་ཕྱོགས་གཏོགས་ཀྱི་མི་ཚོས་ཀྱང་དངོས་གནས་ཞིས་ཀྱི་རྗེས་འཇུག་པ་རྣམ་དག་ཡིན་མིན་བཤད་ཁག་པོ་རེད། དེ་བས་ནམ་ཞིག་ལ་སྲིད་དབང་ཁ་འཐོར་དུ་ཕྱིན་ནས་ལྟ་གྲུབ་སྣ་ཚོགས་ཆགས་རྒྱུ་དེའང་ཆོས་ཉིད་རེད་ཅེས་བརྗོད་འདུག།

རྒྱ་ནག་དམར་ཤོག་དཔོན་རིགས་ཀྱི་མི་ཐོག་གསར་པ་ཚོའི་ཁྱད་ཆོས།

འོ་ན་རྒྱ་ནག་དམར་ཤོག་དཔོན་རིགས་ཀྱི་མི་ཐོག་གསར་པ་ཚོ་ལ་དམར་ཤོག་དཔོན་རིགས་རྙིང་པ་ཚོ་དང་མ་འདྲ་བའི་ཁྱད་ཆོས་ག་རེ་ཡོད་ཅེ་ན། ཞུས་ཝེན་ལིས་བརྗོད་དོན། དམར་ཤོག་དཔོན་རིགས་ཀྱི་མི་ཐོག་གསར་པ་དེ་ཚོ་མང་ཆེ་བ་ནི་བཅོས་སྒྱུར་སྒོ་འབྱེད་རྗེས་ལ་འཚར་ལོངས་བྱུང་བ་ཤ་ཏག་རེད། དེ་བས་ཁོ་ཚོ་ལ་རང་ཉིད་རང་གི་མགོན་ཡིན་པའི་བསམ་བློའི་ཤུགས་རྐྱེན་ཆེན་པོ་ཡོད་པ་རེད། བར་ལམ་ཞིག་ནས་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་སོགས་ཀྱི་སྒྲོམ་གཞི་དེ་རང་དབང་དམངས་གཙོ་དང་ལྡན་པའི་སྤྱི་ཚོགས་ཚད་ལྡན་ཞིག་ཏུ་འགྱུར་འགོ་ཚུགས་ཡོད་པ་རེད། རང་དབང་དམངས་གཙོའི་རིན་ཐང་ལྟ་གྲུབ་དེ་ཚད་ངེས་ཅན་ཞིག་གི་ཐོག་ནས་དཔལ་འབྱོར་དང་ཚོང་ལས་སོགས་བརྒྱུད་ནས་རྒྱ་ནག་ཏུ་སླེབས་ཡོད། དེ་ཡང་རང་དབང་དང་དམངས་གཙོ། འགྲོ་བ་མའི་ཐོབ་ཐང་ཞེས་པའི་ཐ་སྙད་དེ་དག་ནི་དེང་རབས་ཀྱི་ཐ་སྙད་མིན་པར་ཆིང་རྒྱལ་རབས་ཀྱི་དུས་མཇུག་ནས་དར་ཡོད་པ་ཞིག་རེད། ༡༩༤༩ ལོར་དམར་ཤོག་སྲིད་གཞུང་བཙུགས་རྗེས། རང་དབང་དམངས་གཙོ་སྐོར་གྱི་དེབ་ལྷག་པ་འགའ་ཤས་མི་ཚོས་ལྟ་ཀློག་བྱུང་ཐུབ་ཡོད། དེ་བཞིན་དུ་དེང་སང་རྒྱ་ནག་གི་གློག་བརྙན་སོགས་ཀྱི་ནང་ཁར་ཐུག་དམར་ཤོག་ཚོགས་པ་ཞེས་མིང་འདོན་བྱས་ནས་སྐྱོན་འཛུགས་བྱེད་ཀྱི་མེད་ཀྱང་། མིའི་རང་བཞིན་གནས་རིགས་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་མི་སྒེར་གྱི་གོ་རྟོགས་སོགས་མངོན་ཡོད་པ་རེད། དེ་བས་དམར་ཤོག་ཚོགས་པ་དང་སྒེར་གཅོད་ཀྱི་སྤྱི་ཚོགས་རྐུབ་བརྡིབ་རྒྱུ་ནི་དུས་ཚོད་ཀྱི་སྔ་ཕྱིའི་ཁྱད་པར་ཙམ་ལས་ངེས་པར་དུ་སླེབས་རྒྱུ་ཡིན་ཞིང་། འཕེལ་ཕྱོགས་དེ་ནི་ཞིས་ཅིན་ཕིང་གིས་ཁོ་རང་གི་བུ་མོ་ཨ་རིའི་ཧ་ཝུར་ཌི་གཙུག་ལག་སློབ་ཆེན་དུ་ཡོང་རྒྱུར་བཀག་མ་ཐུབ་པ་དང་གཅིག་མཚུངས་རེད་ཅེས་བརྗོད་འདུག།

ཞིས་ཅིན་ཕིང་གིས་ཁོ་རང་གི་རྒྱུན་འཛིན་པ་སུ་འདེམ་སྒྲུག་བྱ་རྒྱུ་ཡིན་མིན་སྐོར་ཞུས་ཝེན་ལིས། ཞི་ཅིན་ཕིང་གི་ལོ་ཚོད་དེ་ད་དུང་རྒྱུན་འཛིན་པའི་སྐོར་ལ་བསམ་བློ་གཏོང་བའི་ཚད་ལ་སླེབས་མེད་པ་རེད། མའོ་ཙེ་ཏུང་ཡིན་ན་ཡང་ཁོ་རང་ཚེ་མཇུག་ཏུ་སླེབས་དུས་གཞི་ནས་རྗེས་རབས་པ་ཚོས་ཁོའི་བྱེད་ལུགས་ཡོད་ཚད་ལ་དགག་པ་བརྒྱབ་རྒྱུའི་བློ་འཚབ་སྐྱེས་པ་རེད། ཞིས་ཅིན་ཕིང་ནི་མིག་རྒྱང་རིང་པོ་ཡོད་མཁན་ཞིག་དང་བསམ་བློ་གཏིང་ཟབ་གཏོང་ཤེས་མཁན་ཞིག་མ་རེད་ཅེས་བརྗོད་འདུག།

XS
SM
MD
LG