ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

གནམ་གཤིས་འགྱུར་ལྡོག་གིས་ཧི་མ་ལ་ཡའི་གངས་རི་ཞུ་བཞིན་པ།


༄༅།། འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མ་སོགས་གངས་རིའི་འདབས་སུ་ཆགས་པའི་ཡུལ་ལུང་ཁག་ཏུ་གནའ་སྔ་མོ་ནས་ཞི་བདེ་བརྟན་ལྷིང་དང་ཆུའི་ཐོན་ཁུངས་བཟང་བ། གནམ་གཤིས་བསིལ་པོ་དང་ཆར་ཆུ་འབེལ་པོ། གཏེར་ཁ་ཕྱུག་པོ་དང་རྩི་ཤིང་མེ་ཏོག་སོགས་ཀྱིས་རབ་ཏུ་བརྒྱན་པ། མཛེས་སྡུག་རྣམ་པར་བཀྲ་བའི་ཁོར་ཡུག་གཙང་མ་ཞིག་ཡིན་པས་ཆོས་ཕྱོགས་ཀྱི་ཉམས་ལེན་འཕེལ་བ་དང་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་ས་ཞིག་ཏུ་གྱུར་ཏེ་ས་གནས་མི་མང་གི་འཚོ་བར་དགེ་མཚན་ཆེན་པོ་ཡོད་མོད། འོན་ཀྱང་དེང་སྐབས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་ལ་འགྱུར་བ་ཐེབས་པ་དང་ཚ་དྲོད་རྒྱས་ཀྱི་ཡོད་པའི་སྟབས་ཀྱིས་སྲིད་པའི་འཁྱམ་རོམ་ཁག་ཀྱང་རིམ་གྱིས་བཞུས་ཏེ་རི་བོ་ཧི་མ་ལ་ཡའི་ཁོར་ཡུག་ལ་ཉམ་ཆག་ཆེན་པོ་ཞིག་གི་འབྱུང་གི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་དུ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG