ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༢/༠༨/༡༣

སྤྱན་རས་གཟིགས་ཀྱི་དབང་དང་ལམ་རིམ་བསྡུས་དོན་གྱི་གསུང་ཆོས།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཏཱའི་སི་ཏུ་རིན་པོ་ཆེས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཆོས་བརྡ་གསལ་བསྒྲགས་བྱས་པ་ལྟར་ན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཟླ་༦་ཚེས་༡༣་ཉིན་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་སྟ་གོན་དང་ཕྱི་ཚེས་༡༤་སྟེ། ས་ག་ཟླ་བའི་ཚེས་༡༥་ཉིན་བཀའ་དབང་དངོས་གཞི་དང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་བཤད་ལུང་བཅས་གནང་འཆར་ཡོད་ཅིང་། འདི་ག་གསར་འགོད་པས་དེ་རིང་ཕྱི་ཟླ་༦་པའི་ཚེས་༦་ཉིན་དཔལ་སྤུངས་ཤེས་རབ་གླིང་གི་ཕྱག་མཛོད་ཚེ་དབང་གྲགས་པ་ལགས་སུ་གསུང་ཆོས་སྐོར་བཅར་འདྲི་ཞུས། ཁོང་གིས་སྤྱིར་ནོར་༧གོང་ས་སྐྱབས་མགོན་ཆེན་མོ་མཆོག་༢༠༡༥་ལོ་ཤེས་རབ་གླིང་གདན་སར་ཞབས་སོར་འཁོར་པའི་སྐབས་དེར་སི་ཏུ་རིན་པོ་ཆེས་༧གོང་ས་མཆོག་ལ་མ་འོངས་པར་གདན་ས་རང་དུ་བཀའ་དབང་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་ཀྱང་༧གོང་ས་མཆོག་གིས་མི་རིང་བར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་པ་རེད། འོན་ཀྱང་འདས་པའི་ལོ་གཉིས་ཙམ་རིང་ཏོག་དབྱིབས་ནད་དུག་གི་རྐྱེན་པས་བཀའ་དབང་འཚོགས་མ་ཐུབ་པ་རེད། ད་རེས་ས་ག་ཟླ་བའི་ཚེས་༡༣་དང་ ༡༤་གཉིས་ལ་གནང་གཏན་འཁེལ་ཡོད། ཤེས་རབ་གླིང་གི་གྲྭ་ཚང་གི་དགེ་འདུན་པ་དང་བཙུན་མ་བསྡོམས་པའི་མི་༧༠༠་མ་ཟིན་ཙམ་ཞིག་ཡོད་པ་དང་དེ་རིང་གི་བཀའ་དབང་སྐབས་སུ་གྲྭ་བཙུན་༥༠༠་ལྷག་གསུང་ཆོས་ལ་བཅར་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG