ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁེ་ན་ཌའི་སྲིད་བློན་ལ་༧གོང་ས་མཆོག་གིས་འཚམས་འདྲི།


༄༅།། ཁེ་ན་ཌའི་སྲིད་བློན་ཇཱ་སི་ཊིན་ཊུ་རུ་ཌོར་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བཀྲ་ཤིས་བདེ་ལགས་འཚམས་འདྲི་ཞུ་བའི་གསུང་འཕྲིན་ཞིག་བསྩལ་འདུག

རེས་གཟའ་ཟླ་བའི་ཉིན་ཁེ་ན་ཌའི་འོས་བསྡུ་ཆེན་མོའི་སྐབས་སུ་གུ་ཡངས་ཚོགས་པར་རྒྱལ་ཡོངས་གྲོས་ཚོགས་སུ་དགོས་ངེས་ཀྱི་གདན་གྲངས་༡༧༠་ཐོབ་མེད་ཀྱང་གདན་གྲངས་༡༥༧ ཐོབ་ཡོད་ཅིང་། དེར་བརྟེན་ཇཱ་སི་ཊིན་ཊུ་རུ་དྷོ་སླར་ཡང་ཁེ་ན་ཌའི་སྲིད་བློན་དུ་འདེམས་ཐོན་བྱུང་སྟེ་༧གོང་ས་མཆོག་གིས་འཕྲལ་མར་སྲིད་བློན་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཡོད་པར་མ་ཟད། ཁེ་ན་ཌའི་གཞུང་གིས་འཛམ་གླིང་གི་འཁྲུག་རྩོད་འོག་ནས་བྲོས་བྱོལ་དུ་ཡོང་བའི་སྐྱབས་བཅོལ་བ་རྣམས་ལ་བྱམས་བརྩེའི་སྲིད་ཇུས་ཤིག་ལག་ལེན་བསྟར་བཞིན་པར་བསྔགས་བརྗོད་གནང་འདུག་པའི་སྐོར། བཞུགས་སྒར་དྷ་རམ་ས་ལ་ནས་ང་ཚོའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གསར་འགྱུར་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG