ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་གིས་ཀང་ར་རྫོང་གི་དཔོན་རིགས་ཚོར་མཇལ་འཕྲད།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཕྱི་ཚེས་༤་ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཀང་ར་རྫོང་གི་རྫོང་དཔོན་དང་རྫོང་གི་ཉེན་རྟོག་སྤྱི་ཁྱབ་ཚུད་པའི་ས་གནས་རྫོང་གི་དཔོན་རིགས་ཁག་ཅིག་ལ་མཇལ་འཕྲད་གནང་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གི་རྒྱུན་ལྡན་གྱི་མཛད་རིམ་ཁག་ངོ་སྤྲོད་དང་རྒྱ་གར་བའི་སྐོར་སྲུང་བ་ཚོར་དམིགས་བསལ་གྱི་ཐུགས་འདྲིས་ཡོད་པ་སོགས་ཀྱི་བཀའ་མོལ་གནང་འདུག་པར་མ་ཟད། འདས་པའི་ལོ་དྲུག་བཅུ་ཙམ་ལ་རྡ་རམ་ས་ལར་བཞུགས་པའི་རིང་འདིར་རྒྱ་གར་དབུས་གཞུང་དང་ས་གནས་གཞུང་གིས་སྲུང་སྐྱོབ་དང་གང་ཅིའི་ཐད་ཐུགས་ཁུར་ཆེ་བཞེས་གནང་བར་བཀའ་དྲིན་ཆེ་ཞུས་འདུག

ཀང་ར་རྫོང་གི་རྫོང་དཔོན་ནི་པུན་ཇིན་ཌལ་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་གནས་འདིར་ཞབས་སོར་འཁོད་ནས་རྒྱུན་བཞུགས་གནང་བར་མངའ་སྡེ་གཞུང་དང་ས་གནས་རྫོང་གི་ཚབ་ཞུས་ཏེ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་ཞུས་སོང་ཤིང་། ཁོང་ཚོ་༧གོང་ས་མཆོག་གི་མཇལ་ཁ་གྲུབ་མཚམས་སུ་རྡ་ས་གནས་འགོ་འཛིན་གྱི་སྣེ་ཁྲིད་འོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་གྲོས་ཚོགས། བོད་ཀྱི་དཔེ་མཛོད་ཁང་དང་བོད་ཀྱི་འགྲེམ་སྟོན་ཁང་བཅས་ལ་འཚམས་གཟིགས་སུ་ཕེབས་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG