ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཡི་ཤུའི་ཆོས་དཔོན་ཌས་མན་ཀྲུ་ཀྲུ་དགོངས་པ་རྫོགས་པར༧གོང་ས་མཆོག་གིས་ཐུགས་གསོ་གནང་བ།


སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆེས་མཛའ་བརྩེ་ལྡན་པའི་ཆོས་གྲོགས་ཡི་ཤུའི་ཆོས་དཔོན་ཌས་མན་ཀྲུ་ཀྲུ་ད་རིང་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་དེ་གསན་མ་ཐག་དམ་པ་དེ་ཉིད་ཀྱི་སྲས་མོ་མ་ཕོ་ཀྲུ་ཀྲུ་ལ་ནང་མི་སྐུ་འཁོར་ལྷན་རྒྱས་ལ་ཐུགས་གསོའི་བཀའ་ཡིག་ཅིག་བསྩལ་གནང་མཛད་འདུག་ཅིང་། ཐུགས་གསོའི་ཕྱག་བྲིས་དེའི་ནང་ཆོས་དཔོན་ཌས་མན་ཀྲུ་ཀྲུ་དམ་པ་དེ་ཉིད་དང་༸མགོན་པོ་གང་ཉིད་དབར་སྐུ་སྒེར་གྱི་ཐུགས་འདྲིས་ཟབ་མོ་ཡོད་པ་དག་འདོན་གནང་ཆབས་ཅིག དམ་པ་དེ་སྐུ་ཚེ་ཧྲིལ་པོའི་རིང་འགྲོ་བ་མིའི་རིན་ཐང་གོང་འཕེལ་དང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན། དེ་བཞིན་ལྷོ་ཨཧྥ་རི་ཀའི་ནང་དྲང་བདེན་དང་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་ཡོང་སླད་སྐུ་ངལ་ཚད་མེད་སྐྱོན་པའི་མཛད་ཡོད་སྐོར་བཀའ་བསྩལ་འདུག་པ་མ་ཟད། ཁོང་ཉིད་ཀྱི་སྐུ་ཚེའི་ཕན་པ་རྫོགས་པ་ནི་ཐུགས་ཕམ་གྱི་རང་བཞིན་ཡིན་ནའང་། ཁོང་གི་རྗེས་འཇུག་ཚོས་ཁོང་གི་མཛད་རྗེས་རྣམས་མཇུག་འཁྱོང་བྱ་རྒྱུ་ནི་རྗེས་དྲན་ཡང་དག་པ་རེད་ཅེས་གསུངས་འདུག ཡང་ཞུ་དགོས་པའི་ལམ་སྟོན་ཀྱང་སྩལ་གནང་མཛད་འདུག ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཁྲུལ་སྒྲའི་དྲྭ་ཐོག་ཏུ་འཛམ་གླིང་ནང་མི་ས་ཡ་མང་པོས་འཚེ་མེད་ཞི་བའི་དད་དཔོན་ཞིག་དགོངས་པ་རྫོགས་པར་མྱ་ངན་ཞུ་བ་དང་ཆབས་ཅིག བོད་མི་ཚོས་ཀྱང་གདུང་ཤུགས་དྲག་པོས་མྱ་ངན་ཞུ་བཞིན་ཡོད་ཅེས་གསུངས་འདུག་པའི་སྐོར་བཞུགས་སྒར་དྷ་རམ་ས་ལ་ནས་འདི་ག་རླུང་འཕྲིན་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་གསན་རོགས་གནང་།


XS
SM
MD
LG