ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྡ་རམ་ས་ལའི་ས་གནས་འགོ་འཛིན་གྱི་སྔོན་འགྲོའི་འོས་འདེམས།


༄༅།། དེ་རིང་ཕྱི་ཟླ་༥་པའི་ཚེས་༡༠་ཉིན་རྡ་རམ་ས་ལའི་ས་གནས་འགོ་འཛིན་གྱི་སྐབས་ཉི་༢༣་པའི་སྔོན་འགྲོའི་འོས་བསྡུ་ས་གནས་ཁག་༡༣་ལ་བྱས་ཏེ་མི་མང་གིས་དོ་སྣང་དང་མཉམ་ཞུགས་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་ཕྱིན་ཡོད་པའི་རྣམ་པ་ཞིག་ཐོན་ཡོད་ཅིང་། རྡ་རམ་ས་ལ་ནི་༧གོང་ས་མཆོག་གི་བཞུགས་སྒར་དང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གཉིས་ཀ་ཡིན་པས་ས་གནས་གཞན་ལས་གལ་གནད་ཆེ་བ་རེད་ཅེས་རྡ་སའི་ས་གནས་འགོ་འཛིན་ལས་ཐོག་ཀུན་དགའ་ཚེ་རིང་གིས་འགྲེལ་བརྗོད་གནང་འདུག

ད་རེས་ཀྱི་ས་གནས་འགོ་འཛིན་འོས་མིའི་གྲས་སུ་ལངས་ཡོད་པ་ནི་ལས་ཐོག་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་དང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་པ་དཀོན་མཆོག་མིག་དམར། ཆིག་སྒྲིལ་ཚོགས་པའི་ཚོགས་གཙོ་འཕྲིན་ལས་བྱམས་པ། བཀྲ་ཤིས་རྡོ་རྗེ་དང་བསོད་ནམས་ཕུན་ཚོགས་བཅས་ཡིན་འདུག རྒྱ་བལ་འབྲུག་གསུམ་གྱི་བོད་པ་འདུས་སྡོད་ས་ཁུལ་མང་ཆེ་བར་ས་གནས་འགོ་འཛིན་གཞུང་གིས་ཐད་ཀར་བསྐོ་གཏོང་བྱེད་ཀྱི་ཡོད་ཀྱང་བཅའ་ཁྲིམས་དོན་ཚན་དོན་གཉིས་པར་ས་གནས་སོ་སོར་འགོ་འཛིན་དང་ས་གནས་ཆེ་སར་འགོ་འཛིན་ལས་རོགས་རེ་བསྐོ་དགོས་ཞེས་འཁོད། བཅའ་ཁྲིམས་དོན་ཚན་༡༡་པ་དང་༣༨་པར་ཁྱད་ཆོས་ལྡན་པའི་ས་གནས་ཁག་གི་ཁོངས་གཏོགས་བོད་པ་སེར་སྐྱ་ཕོ་མོ་ཡོངས་ལ་ས་གནས་འགོ་འཛིན་གྱི་འོས་གཞིར་ཞུགས་ཆོག་པ་དང་འོས་འདེམས་ཀྱི་ཐོབ་ཐང་ཡོད་ཅེས་བཀོད།

༡༩༩༢་ལོ་ནས་བཞུགས་སྒར་རྡ་རམ་ས་ལར་ས་གནས་འགོ་འཛིན་མི་མང་ནས་འོས་འདེམས་བྱེད་མགོ་བརྩམས། ལ་དྭགས་དང་བྷོན་ཊ་ཆོལ་གསུམ། བོན་གཞིས། སྦིར་སྡེ་དགེ བལ་ཡུལ་མཆོད་འཇོར་བཅས་ས་ཁུལ་དེ་དག་གི་ས་གནས་འགོ་འཛིན་རྣམས་ས་གནས་སོ་སོའི་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱེད་ཀྱི་ཡོད་པར་མ་ཟད། འོས་འདེམས་བྱུང་བའི་ས་གནས་འགོ་འཛིན་གྱི་ལས་ཡུན་དེ་བཅའ་ཁྲིམས་དོན་ཚན་༧༦་གི་འབྲུ་དོན་ལྟར་ལས་ཡུན་མ་རྫོགས་གོང་དུ་འཕོ་འགྱུར་གཏོང་དགོས་བྱུང་ན་མ་གཏོགས་ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས་ཀྱི་ཡུན་ཚད་ལོ་གསུམ་རེ་ཡིན། བཅའ་ཁྲིམས་དོན་ཚན་༩༡་པར་ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས་རྣམས་བསྐྱར་དུ་འོས་འདེམས་བྱུང་བར་དགག་ཆ་མེད་ཅེས་གསལ་འཁོད་བྱུང་ཞིང་། རྡ་སའི་ས་གནས་འགོ་འཛིན་གྱི་དངོས་གཞིའི་འོས་བསྡུ་དེ་ཕྱི་ཟླ་༥་པའི་ཚེས་༢༤་སྟེ། རེས་གཟའ་མིག་མར་ཉིན་བྱེད་ཀྱི་ཡོད་པ་བཅས་ཀྱི་སྐོར། བཞུགས་རྡ་རམ་ས་ལ་ནས་འདི་གའི་ལས་བྱེད་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG