ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྤྱི་འཐུས་གྲོས་ཚོགས་ཀྱིས་བཀའ་བློན་གསུམ་ལས་བདམས་མ་ཐུབ་པ།


༄༅།། བོད་མི་དམངས་སྤྱི་འཐུས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཀྱི་ཚོགས་དུས་དང་པོ་དེ་ཕྱི་ཟླ་༡༠་པའི་ཚེས་༡༡་ནས་འགོ་ཚུགས་ཡོད་ཅིང་། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༢༢་པའི་འབྲུ་དོན་ལྟར་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་སུ་བཀའ་བློན་འོས་མི་བདུན་འབུལ་ལམ་ཞུས་པར་སྤྱི་འཐུས་ཚོས་གསང་བའི་འོས་བསྡུ་འཕངས་ཏེ་བཀའ་བློན་བུད་མེད་གསུམ་ལ་མང་མོས་འོས་ཤོག་ཐོབ་སྟེ་འདེམས་ཐོན་བྱུང་ཞིང་། བཀའ་བློན་འོས་མི་གཞན་གཉིས་ལ་མང་མོས་ཐོབ་མེད་པས་བཀའ་བློན་ལ་བདམས་ཐོན་བྱུང་མེད་པར་མ་ཟད། བཀའ་བློན་འོས་མི་གཞན་གཉིས་ལ་འོས་བསྡུ་བྱེད་ཁ་དེར་འོས་མི་གཅིག་ལ་འོས་ཤོག་འཕེན་རྒྱུར་དགག་བྱ་བྱུང་སྟེ་སྤྱི་འཐུས་ཁག་ཅིག་གྲོས་ཚོགས་ཁང་ནས་ཕྱི་ལ་ཐོན་ཏེ་གྲོས་ཚོགས་ཀྱི་ལས་རིམ་མཇུག་སྐྱོང་ཐུབ་མེད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG